ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བལ་ཡུལ་གྱིས་ས་ཀྲ་དང་འབྲེལ་རྩ་ཁྲིམས་བསྐྱར་བཅོས་བྱས་པར་རྒྱ་གར་གྱིས་ངོས་ལེན་མེད་པ།


Nepal India
Nepal India

༄༅། །རེས་གཟའ་སྤེན་པའི་ཉིན་བལ་ཡུལ་གྱི་གྲོས་ཚོགས་འོག་མས་རྩོད་གཞི་ཅན་གྱི་ས་ཁུལ་ཚུད་པའི་ས་ཁྲ་ཁ་སྐོང་བྱ་རྒྱུའི་རྩ་ཁྲིམས་བསྐྱར་བཅོས་ལ་རྒྱབ་སྐྱོར་བྱས་འདུག་ཀྱང་། རྒྱ་གར་གྱིས་ས་མཚམས་ཀྱི་གནད་དོན་གྱི་རྒྱབ་ཏུ་ཆབ་སྲིད་ཀྱི་དམིགས་ཡུལ་བཅངས་འདུག་ཅེས་བརྗོད་ནས་ས་ཀྲ་དང་འབྲེལ་བའི་རྩ་ཁྲིམས་བསྐྱར་བཅོས་ལ་ངོས་ལེན་བྱས་མི་འདུག་པ་དང་། རྒྱ་གར་གྱི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་དབར་ས་མཚམས་ཀྱི་དཀའ་རྙོག་གང་ཡོད་པ་རྣམས་གྲོས་མོལ་གྱི་ལམ་ནས་སེལ་ཐབས་བྱེད་དགོས་པ་ཡིན་ཞེས་བསྐྱར་བཤད་བྱས་འདུག་པ་བཅས་ཀྱི་སྐོར། ཚེ་བརྟན་ཆོས་སྒྲོན་ལགས་ཀྱིས་ཕྱོགས་བསྒྲིགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།


XS
SM
MD
LG