ངོ་འཕྲད་བདེ་བའི་དྲ་འབྲེལ།

བལ་ཡུལ་གྱི་སྲིད་བློན་གསར་པ་འོས་འདེམས་ཆེད་ཀྱི་འོས་འཕེན་དུས་འགྱངས༌།


བལ་ཡུལ་གྱི་གྲོས་ཚོགས་ལྷན་ཁང་གི་དབུ་འཁྲིད་ཚོས་ཡུལ་དེའི་སྲིད་བློན་གསར་པ་འོས་འདེམས་བྱ་རྒྱུའི་དུས་ཚེས་སྤྱི་ཟླ་བརྒྱད་པའི་ཚེས་༢༣ བར་དུ་དུས་འགྱངས་གནང་གི་ཡིན་ཞེས་གསལ་བསྒྲགས་གནང་ཡོད་པ་དང་ ཐག་གཅོད་དེ་ནི་སྲིད་དོན་ཚོགས་པ་གཙོ་བོ་གསུམ་གྲོས་མཐུན་བྱུང་བའི་རྗེས་སུ་གནང་བ་ཞིག་ཡིན་པ་གསུས་ཡོད་པ་རེད་ཡིན་ནའང་འོས་བསྡུ་དུས་འགྱངས་བྱས་པ་དེ་ནི་གཙོ་བོ་དམར་ཤོག་ཚོགས་པའི་དབུ་འཁྲིད་པ་ར་ཆན་ད་དང་ཁོང་གི་ཁ་གཏད་བལ་པོའི་གྲོས་ཚོགས་ཚོགས་པའི་རམ་ཆན་གྲ་པའོ་གྲལ་གཉིས་ཀར་ལ་གྲོས་ཚོགས་ཀྱི་འཐུས་མི་ ༦༠༡ ཡོད་པའི་ནང་དུ་མང་མོས་ཀྱི་རྒྱབ་སྐྱོར་ཐོབ་ཀྱི་མེད་པའི་རྐྱེན་གྱིས་ གལ་སྲིད་ད་རེས་བསྐྱར་དུ་སྲིད་དོན་ཚོགས་པ་གཞན་ཚོ་དང་གོ་ཤེས་ཐུབ་པའི་གྲུབ་འབྲས་ཞིག་མ་བྱུང་བ་ཡིན་ན་མི་མང་གི་ཁྲོད་དུ་ཁོང་ཁྲོ་ཆེ་རུ་འགྲོ་སྲིད་པ་དམར་ཤོག་ཚོགས་པས་བློ་འཚབ་བྱེད་ཀྱི་ཡོད་པ་རེད།

XS
SM
MD
LG