ངོ་འཕྲད་བདེ་བའི་དྲ་འབྲེལ།

ལྦང་ལ་སྡེ་ཤི་ སྲིད་གཞུང་གིས་ད་ལན་ཉེ་ཆར་རེས་གཟའ་སྤེན་པ་དང་ཉི་མ་གཉིས་ཀྱི་ནང་་དེར་ཡོད་ནང་པའི་མི་རིགས་ཚོར་དམིགས་ཀར་རྒོལ་རྡུང་དང་དགོན་སྡེ་ཁག་ལ་གཏོར་བཅོམ་དང་། མེ་བརྒྱབས་པ་སོགས་ཚབས་ཆེའི་དྲག་སྤྱོད་དེ་དག་ འབར་མའི་ཕྱོགས་ནས་སླེབས་པ་ རོ་ཧིན་རྒ་ ཟེར་བའི་ཁ་ཆེ་སྐྱབས་བྱོལ་བ་དེ་དག་དང་། གཞུང་དང་ལྟ་སྤྱོད་མི་མཐུན་མཁན་མཐར་ལྷུང་ཁག་ཅིག་གིས་ཆེད་མངགས་་སྤེལ་བ་ཡིན་པའི་སྐྱོན་འཛུགས་བྱས་ཡོད་འདུག་པ་དང་། རྒྱ་གར་གྱི་གནས་ཆོག་རྡོར་རྗེ་གདན་དུ་ཡོད་པའི་ནང་པའི་དགེ་འདུན་པ་ཚོས་་རྐྱེན་འདས་སུ་གྱུར་བ་ཚོར་སྔོ་བ་སྨོན་ལམ་དང་ ནང་པ་ཚོར་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཁ་ས་མེར་མེའི་ཁྲོམ་སྐོར་ཞིག་གནང་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འཕྲིན་ཁག་ནང་ཐོན་པའི་གནས་ཚུལ་འདི་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་བསྒྱུར་དང་སྙན་་སྒྲོན་ཞུ་གི་རེད།
XS
SM
MD
LG