ངོ་འཕྲད་བདེ་བའི་དྲ་འབྲེལ།

ཨུ་རུ་སུའི་དམག་དཔུང་ཡུཀ་རེན་གྱི་ས་མཚམས་སུ་བཀྲམ་པ།


༄༅།། ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་དྲུང་ཆེས་སྒྲིག་འཛུགས་དེའི་ཁོངས་ཀྱི་མཐུན་ཕྱོགས་རྒྱལ་ཁབ་ཁག་གི་ཕྱི་སྲིད་དང་རྒྱལ་སྲུང་བློན་ཆེན་རྣམས་ཛ་དྲག་གི་ཚོགས་འདུར་མ་བསྡུའི་སྔོན་དེར་ཨུ་རུ་སུའི་དམག་དཔུང་རྣམས་ཡུཀ་རེན་གྱི་ཤར་ཕྱོགས་ས་མཚམས་ཁག་ནས་ཕྱིར་འཐེན་བྱེད་དགོས་ཞེས་རེས་གཟའ་མིག་དམར་ཉིན་ནན་སྐུལ་བྱས་ཡོད་ཅིང་། ༢༠༡༤་ལོར་ཨུ་རུ་སུའི་དམག་གིས་ཡུཀ་རེན་གྱི་ཁེ་རེ་མཱི་ཡ་གླིང་ཟུར་བཙན་འཕྲོག་བྱས་པའི་རྗེས་སུ་དམག་དཔུང་ཕོན་ཆེན་འདི་འདྲ་ཞིག་ཡུཀ་རེན་གྱི་ས་མཚམས་སུ་འགྲེམ་འཇོག་བྱས་མྱོང་མེད་པ་དང་ཨ་རིའི་གཞུང་གིས་ཡུཀ་རེན་ལ་དེང་རབས་ཅན་གྱི་མཚོན་ཆ་བཙོངས་ནས་རོགས་རམ་བྱེད་ཀྱི་ཡོད་པའི་སྐོར། གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་ནམ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་རྒྱུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG