ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཏང་གི་ཚོགས་ཆེན་ཐེངས་༡༨་པའི་དུས་ཚོད་གསང་བ།


རྒྱ་ནག་དམར་ཤོག་གི་མི་རབས་གཉིས་པའི་འགོ་ཁྲིད་ཏིང་ཤའོ་ཕིང་གི་རྗེས་སུ་ལོ་ངོ་བཅུ་རེའི་མཚམས་སུ་གུང་ཁྲན་ཏང་གི་འགོ་ཁྲིད་ཚོར་འཕོ་འགྱུར་གཏོང་བའི་ལམ་སྲོལ་ཞིག་གསར་གཏོད་བྱས་པ་དང་། མའོ་ཙེ་ཏུང་གིས་མི་ཚེ་ཧྲིལ་བོར་རྒྱ་ནག་གི་སྲིད་དབང་བཟུང་བའི་ལམ་ལུགས་མེད་པར་བཏང་རུང་། ད་དུང་ཡང་རྒྱ་ནག་དམར་ཤོག་གི་ལས་དོན་སྒྲུབ་ཕྱོགས་ལ་ཨུ་རུ་སུའི་དམར་ཤོག་ལ་ལས་དོན་ཆེ་ཕྲ་ཅི་ཞིག་ཡིན་རུང་གསང་བ་བྱེད་དགོས་པའི་ལམ་ལུགས་ཀྱི་ཤུགས་རྐྱེན་ཐེབས་ཡོད་པ་དེའི་འོག་ནས་ཐར་ཐུབ་ཀྱི་མེད་པ་དང་། དཔེར་ན་ད་ལོའི་ཕྱི་ཟླ་༡༠་ནང་ཚོགས་མི་༢༢༧༠་ཐམ་ཡོད་པའི་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨་པ་འཚོགས་ཏེ། ད་ལོའི་ཚོགས་ཆེན་ཐོག་ཏུ་རྒྱ་ནག་དམར་ཤོག་གི་མི་རབས་ལྔ་བའི་འགོ་ཁྲིད་ཚོ་བསྐོ་བཞག་བྱེད་པའི་དུས་ཚོད་ཡིན་མོད། འོན་ཀྱང་རྒྱ་ནག་གཞུང་གིས་ཏང་གི་ཚོགས་ཆེན་ཐེངས་༡༨་པ་ནམ་འཚོགས་རྒྱུ་ཡིན་མིན་གྱི་དུས་ཚོད་ཕྱིར་བསྒྲགས་བྱས་མེད་པས། པེ་ཅིང་གྲོང་ཁྱེར་ལ་ཟླ་བ་རྗེས་མར་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨་པ་འཚོགས་ཐུབ་རྒྱུ་ཡིན་མིན་ལ་དཀྲག་གཏམ་སྣ་ཚོགས་ཤིག་སྒྲོག་གི་ཡོད་ཅིང་། ཅང་ཞི་ཞིང་ཆེན་གྱི་ཁྲིམས་རྩོད་པ་ལེའོ་ཙེ་ཧྥང་ཟེར་པ་ཞིག་གིས་གསར་འགོད་པར་བཤད་པ་ལྟར་ན། རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་ཆེན་ཐེངས་༡༨་པ་ནམ་ཚོགས་རྒྱུ་ཡིན་མིན་དུས་ཚོད་གཏན་འབེབས་བྱས་མེད་པ་དང་། ངས་ཏང་གི་ཚོགས་ཆེན་ཐེངས་༡༨་པ་ཕྱི་ཟླ་༡༠་ནང་དུ་འཚོགས་རྒྱུ་ཡིན་མིན་ཡང་ཤེས་མ་སོང་། ང་ཚོས་གཞུང་གི་བརྡ་ཁྱབ་ལ་སྒུག་ཡོད་ཅེས་བཤད་ཡོད་པ་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG