ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

འབར་མའི་དཔལ་འབྱོར་སྒྱུར་བཅོས།


འབར་མ་རྒྱལ་ཁབ་ལ་ལོ་མང་རིང་དམག་གིས་དབང་སྒྱུར་བྱས་པའི་རྗེས་སུ་དམངས་གཙོའི་སྒྱུར་བཅོས་བཏང་བ་དང་། ད་ལོ་འབར་མའི་དམངས་གཙོ་ཚོགས་པའི་འགོ་ཁྲིད་ཨང་སན་སུའུ་ཅི་ལོ་ངོ་༢༠་ལྷག་གི་བཟང་བཙོན་དུ་བཅུག་ནས་གློད་གྲོལ་བཏང་བ་མ་ཟད། འབར་མའི་སྲིད་དོན་བཙོན་པ་རྣམས་ཀྱང་གློད་གྲོལ་བཏང་སྟེ། རྒྱལ་སྤྱིའི་ཐོག་ཏུ་འབར་མའི་སྒྱུར་བཅོས་དེ་ཚོར་བསྔགས་བརྗོད་བྱས་པ་དང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་རང་གི་བཟོ་ཚོང་ལས་ཁང་ཁག་ལ་འབར་མའི་ས་ཐོག་ཏུ་མ་རྩ་་བཙུགས་ནས་ཚོང་ལས་གཉེར་མི་ཆོག་པའི་བཀག་སྡོམ་ཡང་ཕྱིར་འཐེན་བྱས་ཏེ། གཟའ་འཁོར་འདིར་འབར་མའི་དམངས་གཙོའི་འགོ་ཁྲིད་ཨང་སན་སུའུ་ཅི་ཡུ་རོབ་རྒྱལ་ཁབ་ལྔར་འཚམས་འདྲིར་ཕེབས་ཐུབ་ཡོད་པ་དང་། དེར་བརྟེན་འབར་མ་རྒྱལ་ཁབ་ལ་མིང་དོན་མཚུངས་པའི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཐེབས་ཀྱི་ཡོད་པ་རེད།

XS
SM
MD
LG