༄༅།། ད་ལོ་འབར་མའི་དམག་གིས་སྲིད་དབང་བཙན་འཕྲོག་བྱས་ནས་ཟླ་བ་གཅིག་ལྷག་ཕྱིན་པའི་སྐབས་འདིར་རེས་གཟའ་ལྷག་པའི་ཉིན་དྲག་པོའི་བདེ་སྲུང་དམག་མིས་མི་མང་ཞི་བའི་ངོ་རྒོལ་བ་ཚོར་མེ་མདའ་བརྒྱབ་ནས་མི་༣༨་བསད་པ་དང་དྲག་གནོན་ཚབས་ཆེན་བྱས་ཡོད་པར་མ་ཟད། ད་ལྟའི་བར་དུ་འབར་མའི་དམག་གིས་མི་མང་ངོ་རྒོལ་བ་༣༠༠་ལྷག་འཛིན་བཟུང་བྱས་ཡོད་པའི་སྐོར། ནོར་བུ་བསམ་འཕེལ་གྱིས་གནས་ཚུལ་ཕྱོགས་བསྡུས་བྱས་པ་དེ་གསན་རོགས་གནང་།།