ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༡༦

ལྷོ་ཤར་ཨེ་ཤ་ཡ་རྒྱལ་ཁབ་མཐུན་ཚོགས་དང་འབར་མའི་དམག་སྤྱི་དབར་བཞག་པའི་གྲོས་མཐུན་ལ་འབར་མའི་མི་མང་ཚོས་སྐྱོན་བརྗོད།


༄༅། །ལྷོ་ཤར་ཨེ་ཤི་ཡའི་རྒྱལ་ཁབ་མཐུན་ཚོགས་ཀྱིང་ནས་འབར་མའི་ནང་གི་དུས་ཟིང་མཚམས་འཇོག་ཡོང་རྒྱུར་དམིགས་ཏེ། མཐུན་ཚོགས་ཀྱི་དཔོན་རིགས་ཁག་དང་། འབར་མའི་དམག་སྤྱི་གཉིས་ཀྱི་དབར་བཞག་པའི་གྲོས་འཆམ་དེའི་ནང་དམངས་གཙོའི་ལམ་ལུགས་བསྐྱར་གསོ་དང་། ཞི་བའི་མི་མང་བརྒྱ་ཕྲག་མང་པོ་རྐྱེན་འདས་སུ་གྱུར་བ་ཁག་གི་འགན་འཁུར་དྲག་པའི་དཔོན་རིགས་ཡོད་སྐོར་འཁོད་མེད་པ་དེར་རེས་གཟའ་ཉི་མའི་ཉིན་འབར་མའི་མི་མང་ཚོས་སྐྱོན་བརྗོད་བྱས་འདུག་ཀྱང་། འཕྲལ་དུ་ངོ་རྒོལ་ལས་འགུལ་སྤེལ་མེད་པའི་སྐོར་གྱི་གནས་ཚུལ་དེ་ཚེ་བརྟན་ཆོས་སྒྲོན་གྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་གི་ཡིན།


XS
SM
MD
LG