ངོ་འཕྲད་བདེ་བའི་དྲ་འབྲེལ།

སྦར་མའི་ཞི་བའི་འགོ་ཁྲིད་ཚོས་མི་མང་ཚོར་རང་སྲུང་བྱེད་དགོས་པའི་བསྐུལ་མ་བྱས།


༄༅།། རེས་གཟའ་སྤེན་པའི་ཉིནསྦར་མའི་དམག་མི་ཚོས་ཞི་བའི་ངོ་རྒོལ་བྱེད་མཁན་མི་མང་གི་ཐོག་དྲག་གནོན་བྱས་ཏེ་མི་བདུན་ལ་སྲོག་སྐྱོན་བཏང་འདུག་ཅིང་། ད་བར་དམག་མིའི་དྲག་གནོན་འོག་སྲོག་སྐྱོན་བྱུང་བའི་མིའི་གྲངས་༨༠ཟིན་པའི་སྐབས་འདིར་མི་མང་ཚོས་དྲག་པོའི་སྲིད་གཞུང་ལ་ངོ་རྒོལ་བྱེད་བཞིན་པ་དེར་ཡུལ་དེའི་ཞི་བའི་འགོ་འཁྲིད་ལས་ཚབ་ཀྱིས་རྒྱབ་སྐྱོར་མུ་མཐུད་བྱེད་རྒྱུའི་གསལ་བསྒྲགསབྱས་འདུག སྦར་མའི་རྒྱལ་ཡོངས་གྲོས་ཚོགས་ཀྱི་འཐུས་མི་ཚོས་ངོ་འདྲའི་སྲིད་གཞུང་གི་སྲིད་འཛིན་གཞོན་པར་བསྐོ་གཞག་བྱས་པ་སྐུ་ཞབས་མིན་ཝིན་ཁེང་ཐན་གྱིས་རེས་གཟའ་སྤེན་པའི་ཉིན་ངོ་དེབ་བརྒྱུད་མི་མང་ལ་གཏམ་བཤད་དང་པོ་དེ་གནང་འདུག་པ་བཅས་ཀྱི་སྐོར་ཕུན་ཚོགས་ཚེ་རིང་ལགས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG