ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

འབར་མའི་དམག་གིས་མི་སྣ་གྲགས་ཅན་ཞིག་འཛིན་བཟུང་།


༄༅།། འབར་མའི་དམག་གིས་ཁ་སང་གཟའ་ལྷག་པའི་ཉིན་མི་མང་ངོ་རྒོལ་བའི་སྟེང་དུ་མེ་མདའ་བརྒྱབ་སྟེ་ཉུང་མཐར་ཡང་མི་༡༥་བསད་ཡོད་ཅིང་། ད་ལྟའི་བར་དུ་འབར་མའི་དམག་གིས་མི་མང་ཞི་བའི་ངོ་རྒོལ་བྱེད་མཁན་ཚོར་མེ་མདའ་བརྒྱབ་ནས་མི་༦༠༠་ཡས་ཤིག་བསད་ཡོད་པར་མ་ཟད། རྒྱལ་ཚོགས་ཀྱིས་འབར་མའི་དྲག་པོའི་སྲིད་གཞུང་ལ་གྲོས་སྡུར་བྱ་རྒྱུར་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་བྷར་གྷེ་ནར་ཉིན་ཤས་རྗེས་སུ་འབར་མར་གཏོང་འཆར་ཡོད་པའི་གནས་ཚུལ་ཕུན་ཚོགས་ཚེ་རིང་གིས་སྙན་སྒྲོན་ཞུ་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG