ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༤/༢༩

ལྡེབ་རིས་ཤིག་ལ་རྒྱ་ནག་གཞུང་གིས་ངོ་རྒོལ།


ཨ་མི་རི་ཀའི་མངའ་སྡེ་ཨོོ་རི་གྷན་གྱི་གྲོང་ཁྱེར་ཞིག་གི་ནང་ རི་མོའི་སྒྱུ་སྩལ་བ་ཞིག་གིས་ཁང་ཆེན་ཞིག་གི་རྩིག་རྒྱང་གི་ཐོག་ བོད་དོན་དང་ ཐེ་ཝན་རང་བཙན་དྲིལ་བསྒྲགས་བྱེད་པའི་རི་མོ་ཆེན་པོ་ཞིག་བྲིས་བཀོད་བྱས་ཡོད་པ་དེ་ལ་ རྒྱ་ནག་གཞུང་གིས་ངོ་རྒོལ་བྱས་ཏེ་ རི་མོ་དེ་མེད་པ་བཟོ་དགོས་ལུགས་གྲོང་ཁྱེར་སྤྱི་ཁྱབ་ལ་ཞུས་ཡོད་ཀྱང་ གྲོང་ཁྱེར་སྤྱི་ཁྱབ་པས་ཨ་མི་རི་ཀའི་རྩ་ཁྲིམས་ཀྱི་ནང་ལུང་པ་འདིའི་མི་ཚང་མར་གཏམ་བརྗོད་རང་དབང་གི་ཐོབ་ཐང་སྤྲད་ཡོད་པ་དང་ རི་མོ་འདི་ནི་ཐོབ་ཐང་དེའི་ཆ་ཤས་ཤིག་ཡིན་པས་ངས་དེའི་ཐད་གང་ཡང་བྱེད་ཐུབ་ཀྱི་མ་རེད་ཅེས་གསུངས་ཏེ་ རྒྱ་ནག་གཞུང་གི་རེ་བ་དེ་དང་ལེན་བྱས་མེད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG