ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་བོད་རྒྱལ་ཡོངས་རྐང་རྩེད་པོ་ལོའི་རྩེད་འགྲན་གྱི་རྒྱལ་ཁ།


མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་བོད་རྒྱལ་ཡོངས་རྐང་རྩེད་པོ་ལོའི་རྩེད་འགྲན་གྱི་རྒྱལ་ཁ།
མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་བོད་རྒྱལ་ཡོངས་རྐང་རྩེད་པོ་ལོའི་རྩེད་འགྲན་གྱི་རྒྱལ་ཁ།

བོད་རྒྱལ་ཡོངས་རྐང་རྩེད་་པོ་ལོ་རྩེད་འགྲན་ཐེངས་༢༩ པ་དེ་རྒྱ་གར་ལྷོ་ཕྱོགས་ཧུན་སུར་རབས་རྒྱས་གླིང་གཞིས་ཆགས་ནང་ཚོགས་བཞིན་པ་ལྟར་ཕྱི་ཟླ་༥ ཚེས་༣༠ ཉིན་མཐའ་མའི་འགྲན་བསྡུར་དེ་མོན་་གྷོ་འདོད་རྒུ་གླིང་རུ་ཁག་དང་གྷོ་ལ་ཐ་ལ་རུ་ཁག་གཉིས་དབར་རྩེད་འགྲན་གནང་ཏེ་གྲངས་ཀ་གསུམ་དང་གཉིས་ཀྱི་ཁྱད་པར་ཐོག་ནས་མོན་གྷོ་འདདོད་རྒུ་གླིང་རུ་ཁག་ལ་རྒྱལ་ཁ་ཐོབ་སོང་།


འདི་ལོའི་རྩེད་འགྲན་ཨང་དང་པོ་མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་བུམ་པ་དང་ཧིན་སྒོར་འབུམ་གཉིས། ཨང་གཉིས་པ་གྷོ་ལ་ཐ་ལ་རུ་ཁག་ལ་ཧིན་སྒོར་འབུམ་གཅིག་དང་ཕྱེད་ཀ་གསོལ་རས་སུ་གནང་སོང་ལ་དེ་བཞིན་སྒོ་སྲུང་བ་དང་རྩེད་འགྲན་པ་བཟང་སྤྱོད་ཡག་ཤོས་ཀྱི་བྱ་དགའ་ཡང་ཕུལ་གནང་སོང་།
སྤྱིར་བཏང་མཐའ་མའི་འགྲན་བསྡུར་དེ་མོན་གྷོ་རུ་་ཁག་དང་རྡ་ས་ཆིག་སྒྲིལ་རུ་ཁག་གཉིས་དབར་ཕྱི་ཟླ་ལྔ་པའི་ཚེས་༢༨ ཉིན་གནང་གཏན་ཁེལ་ཡོད་ཀྱང་རྡ་ས་ཆིག་སྒྲིལ་རུ་ཁག་གི་རྩེད་མོ་བའི་ནང་མི་གཞན་གྱི་བོད་མིའི་དཔྱ་ཁྲལ་ལག་དེབ་བེད་སྤྱོད་ལོག་པ་བཏང་ཡོད་པའི་སྐོར་སྦེལ་ཀོབ་གྷོ་ལ་ཐ་ལ་རུ་ལ་རུ་ཁག་ནས་ཐེར་འདོན་བྱས་པ་དང་སྦྲགས་་དེ་ནི་རྩེད་འགྲན་གྱི་སྒྲིག་གཞི་དང་འགལ་ཡོད་སྟབས་རྡ་ས་ཆིག་སྒྲིལ་རུ་ཁག་རྩེད་འགྲན་བྱས་ན་འགྲིག་གི་མི་འདུག་ཅེསའགག་བྱ་བྱས་སྟབས་མཐའ་དོན་ཞིབ་འཇུག་བྱས་པའི་རྗེས་གནས་ཚུལ་ར་འཕྲོད་བྱུང་ཏེ་སྒྲིག་གཞི་ལྟར་རྡ་ས་རུ་ཁག་ལོ་གཉིས་རིང་རྩེད་འགྲན་་ལ་མཉམ་ཞུགས་མི་ཆོག་པའི་ཉེས་ཆད་བཏང་བ་དང་མཐའ་མའི་རྩེད་འགྲན་དེ་གྷོ་ལ་ཐ་ལ་རུ་ཁག་དང་མོན་གྷོ་རུ་ཁག་གཉིས་དབར་གནང་རྒྱུ་ཐག་གཅོད་གནང་ཡོད་འདུག དེའི་ཐད་བོད་རྒྱལ་ཡོངས་རྩེད་རིགས་ཚོགས་པའི་ཚོགས་གཙོ་བྱང་ཆུབ་རྒྱལ་མཚན་ལགས་ནས་གསུང་། ཡང་ཨང་དང་པོའི་རྒྱལ་ཁ་ཐོབ་མཁན་མོན་གྷོ་འདོད་རྒུ་གླིང་རུ་ཁག་གི་སློབ་སྟོན་པ་དང་རྩེད་འགྲན་པ་བསྟན་འཛིན་་བསམ་གྲུབ་ལགས་ནས་ཐེངས་འདིར་ཨང་དང་པོ་ཐོབ་པའི་སེམས་ཚོར་དང་མ་འོངས་པའི་རྩེད་འགྲན་སྐབས་སྙོག་གླེང་མི་ཡོང་བའི་བྱེད་ཕྱོགས་སྐོར་བསམ་ཚུལ་བརྗོད།



ཐེངས་འདིའིི་རྩེད་འགྲན་ནང་ཨོ་རི་ཁྲུ་ལི་ཡ་རུ་ཁག་དང་བལ་ཡུལ་རྒྱལ་གར་བཅས་ནས་ཁྱོན་རུ་ལཁག་༡༦ མཉམ་ཞུགས་གནང་ཡོད་པ་རེད་རྩེད་འགྲན་ཐེངས་༣༠ པ་དེ་ལོ་རྗེས་མ་ཕྱི་ལོ་༢༠༢༥ ལོར་བཞུགས་སྒར་རྡ་རམ་ས་ལར་ཚོགས་གཏན་ཁེལ་འདུག

གླེང་སྟེགས།

XS
SM
MD
LG