ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ལྷག་པ། ༢༠༢༥/༠༤/༢༣

མོ་སམ་བྷིག་ཏུ་གླང་ཆེན་གསོད་མཁན་མང་དུ་སོང་ཡོད་པ།


འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་ལྷན་ཁང་གིས་བརྗོད་པར་གཞིགས་ན་ཨཧྤ་རི་ཀའི་གླིང་ཆེན་ནང་། བ་སོའི་ཆེད་དུ་གླང་ཆེན་གསོད་མཁན་མང་དུ་ཕྱིན་ཡོད་པ་དང་། ཁུལ་དེའི་གླང་ཆེན་ཚོར་ད་ཆ་དཀའ་ངལ་ཚབས་ཆེན་ཞིག་འཕྲད་བཞིན་ཡོད་པ་རེད། ཨེ་ཤི་ཡའི་ནང་བ་སོ་དགོས་འདོད་བྱེད་མཁན་ཇེ་མང་དུ་སོང་སྟེ་ཨཧྥ་རི་ཀའི་རྒྱལ་ཁབ། མོ་སམ་བྷིག་ནང་ལོ་རེར་གླང་ཆེན་ཆིག་སྟོང་ལྷག་མེད་པར་འགྱུར་བཞིན་ཡོད་པའི་སྐོར་ཝི་ཨོ་ཨེ་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པས་བཏང་བའི་གནས་ཚུལ་དེ་ཀརྨ་རྒྱལ་མཚན་གྱིས་ཕབ་བསྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།
XS
SM
MD
LG