ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

བོད་པ་བཅུ་འཛིན་བཟུང་།


ཉེ་ཆར་ཕྱི་ཟླ་བཅུ་བའི་ཚེས་༦་ཉིན་བོད་ཀྱི་མདོ་སྨད་གཙོད་ས་ཁུལ། རྡོ་དཀར་རྫེ་རོ་སྡེ་བའི་སངས་རྒྱས་རྒྱ་མཚོས་རྡོ་དཀར་དགོན་པའི་ཉེ་འགྲམ་དུ་རང་ལུས་མེར་སྲེག་བཏང་སྟེ་རྒྱ་ནག་གཞུང་གིས་བོད་ལ་འཛིན་པའི་སྲིད་ཇུས་དེར་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་གྱུར་ཅིང་། སངས་རྒྱས་རྒྱ་མཚོས་རང་ལུས་མེར་སྲེག་བཏང་བའི་རྗེས་སུ་གཙོད་གྲོང་ཁྱེར་གྱི་འབྲེལ་ཡོད་གཞུང་འབྲེལ་ཚན་པ་ཁག་གི་ལས་སྣེ་རྣམས་རྡོ་དཀར་དགོན་པར་ཡོང་སྟེ། དགོན་པའི་གྲྭ་དམངས་བསྡུ་སྐོང་བྱས་ནས་སངས་རྒྱས་རྒྱ་མཚོ་མེར་སྲེག་བཏང་བའི་གནས་ཚུལ་དེ་ཐོག་མར་ཤེས་མཁན་སུ་ཡིན་མིན་དང་པར་བརྒྱབ་ཏེ་གནས་ཚུལ་ཕྱིར་བསྒྲགས་བྱེད་མཁན་སུ་ཡིན་མིན་སོགས་རྩད་གཅོད་བྱས་པ་མ་ཟད། རྡོ་དཀར་དགོན་པའི་གྲྭ་བ་ཚོར་སུན་གཙེར་རབ་དང་རིམ་པ་ཞིག་བྱས་པ་དང་། ད་ལྟ་ཨ་རིའི་རླུང་འཕྲིན་ཁང་གིས་ཤེས་གསལ་ལྟར་ན་རྡོ་དཀར་དགོན་པའི་གྲྭ་བ་བཞི་བཟུང་བྱས་འདུག་ཅིང་། ཡང་བོད་ནང་གི་གནས་ཚུལ་གཞན་པ་ཞིག་ལ་མདོ་ཁམས་རྫ་ཆུ་ཁའི་དབོན་པོ་ཡུལ་ཚོར་གློ་བུར་དུ་རྒྱ་གཞུང་གི་དམག་དང་དྲག་ཆས་ཉེན་རྟོག་པ་འབོར་ཆེན་འབྱོར་ཏེ། ས་གནས་དེའི་ཁྱིམ་བདག་རྣམས་ཚོགས་འདུར་སྐུང་སྟེ་ཁྲིམས་ལུགས་བརྩི་དགོས་པའི་སློབ་གསོ་གཏོང་བཞིན་པའི་ཞོར་དུ་གྲྭ་བ་དྲུག་འཛིན་བཙན་ཁྲིད་བྱས་པའི་གནས་ཚུལ་ཐོན་འདུག་པའི་སྐོར། ཚེ་རིང་སྐྱིད་ཀྱིས་གནས་ཚུལ་ཕྱོགས་སྒྲིག་དང་སྙན་སྒྲོན་ཞུ་ཡི་རེད།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG