གཟའ་འཁོར་སྔོན་མའི་ནང་བོད་ཀྱི་ས་ཁུལ་ཁག་གཉིས་ནས་རྒྱ་ནག་གཞུང་གིས་དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཤིང་། གཅིག་ལ་ཀུ་ཤུ་རྟགས་ཅན་གྱི་ཁ་པར་ཡོད་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པ་སོགས་བཙན་བྱོལ་ནང་གི་བོད་ཀྱི་བང་ཆེན་དང་བོད་ཀྱི་དུས་བབ་གསར་ཤོག་ནས་གནས་ཚུལ་སྤེལ་བ་ཞིག་ཡེ་ཤེས་རྡོ་རྗེ་ལགས་ནས་ཕྱོགས་བསྡུས་གནང་བ་འདི་གསན་རོགས་གནང་།