ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རང་ལོ་ཉི་ཤུ་སོན་པའི་གྲྭ་པ་ཞིག་གིས་ཞི་བའི་ངོ་རྒོལ་བྱས་པའི་རྐྱེན་གྱིས་ཏེ་འཛིན་བཟུང་།


གྲྭ་བློ་བཟང་དགེ་འདུན།
གྲྭ་བློ་བཟང་དགེ་འདུན།
ཕྱི་ཟླ་༧ཚེས་༡ཉིན་ཆབ་མདོ་ས་ཁུལ་ཚ་བ་དཔའ་ཤོད་དུ་དམར་ཤོག་ཚོགས་པ་ བཙུགས་པའི་དུས་དྲན་མཛད་སྒོ་ཚོགས་པ་དང་བསྟུན་གྲྭ་པ་ཞིག་གིས་ངོ་རྒོལ་བྱས་འདུག མཛད་སྒོར་རྒྱ་གཞུང་གི་དཔོན་རིགས་སོགས་མི་མང་པོ་འཛོམས་ཡོད་པ་དང་། རྒྱ་ནག་གི་རྒྱལ་གླུ་གཏོང་བའི་སྐབས་སུ་གྲྭ་བློ་བཟང་དགེ་འདུན་གྱིས་རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག། བོད་རང་བཙན་གཙང་མ་ཡིན་ཞེས་ཞི་བའི་ངོ་རྒོལ་བྱས་འདུག།ངོ་རྒོལ་བྱས་ཏེ་སྐར་མ་ལྔ་ཙམ་སོང་རྗེས་ཉེན་རྟོག་པས་ཁྲིད་སོང་ནས་ད་ལྟའི་ཆར་ཁོང་གང་དུ་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། གནས་ཚུལ་དེའི་སྐོར་འདི་གའི་གསར་འགྱུར་ལས་ཁུངས་ལ་རྒྱ་གར་ལྷོ་ཕྱོགས་སེར་བྱེས་པ་ཚ་བ་ཁང་ཚན་གྱི་སྐུ་ཞབས་བསྟན་པ་ལགས་ཀྱིས་འགྲེལ་བརྗོད་གནང་དོན། ངོ་རྒོལ་བྱེད་མཁན་གྲྭ་བློ་བཟང་དགེ་འདུན་ལོ་༢༠ ཡིན་པ་ཚ་བ་དཔའ་ཤོད་གྲོང་གསར་དགོན་གྱི་གྲྭ་པ་ཡིན་པ་དང་། སྐྱ་མིང་ལ་རྒྱ་རྡོ་ཟེར་ཞིང་། གྲོང་གསར་དགོན་དུ་དེ་སྔ་གྲྭ་པ་མང་པོ་ཡོད་ཀྱང་ད་སྐབས་གྲྭ་པ་༤༠ལྷག་ལས་མེད་པ་རེད་འདུག། འདི་གའི་བསོད་ནམས་གཡང་འཛོམས་ཀྱིས་གནས་ཚུལ་ཞིབ་ཕྲ་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG