No media source currently available
རྒྱ་གར་ནང་རྒྱལ་ཡོངས་འོས་བསྡུ་བྱེད་བཞིན་པའི་སྐབས་འདིར། ལས་ཐོག་སྲིད་བློན་མོ་རྡི་མཆོག་གིས་འོས་བསྡུ་དྲིལ་བསྒྲགས་ཀྱི་གཏམ་བཤད་གནང་སྐབས། ཁ་ཆེ་ཆོས་དད་པ་ཚོར་ཧ་ཅང་འཁོན་འཛིན་སྡང་ཟུག་ཅན་གྱི་གཏམ་བཤད་གནང་ཡོད་པ་དེར་མི་ཚོས་སྐྱོན་བརྗོད་ཤུགས་ཆེ་བྱེད་བཞིན་པའི་སྐོར་པདྨ་བདེ་ཆེན་ལགས་ཀྱིས་སྙན་སྒྲོན་ཞུས་ཡོད།