ད་ལོའི་ཕྱི་ཟླ་དང་པོའི་ལོ་སར་སྐབས་སུ་བོད་མདོ་ཁམས་བྲག་མགོ་ས་ཆ་ནས་བོད་པ་ཚོས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་ཁྲོམ་སྐོར་བྱས་ཏེ། རྒྱ་གཞུང་གི་ཉེན་རྟོག་པས་མང་ཚོགས་ཁྲོད་དུ་མེ་མདའ་འཕངས་ཏེ་བོད་པ་ཚོར་ཤི་རྨས་ཀྱི་ཚབས་ཆེན་ཕོག་ཡོད་ཅིང་། ད་དུང་བོད་པ་མང་པོ་ཞིག་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་བྱུང་ཡོད་པ་དང་། ཁོང་ཚོའི་གྲས་སུ་ཁམས་བྲག་མགོ་དགོན་པའི་གྲྭ་བ་ཚེ་རིང་རྒྱལ་མཚན་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་སྐབས་སུ་བཅར་རྡུང་བྱས་ཏེ། ད་ལྟ་གྲྭ་ཚེ་རིང་རྒྱལ་མཚན་འདས་གྲོངས་སུ་གྱུར་ཡོད་པའི་གནས་ཚུལ་ཐོན་རུང་། ཁོང་གི་ནང་མི་ཚོས་ཕུང་པོ་རྙེད་མེད་པ་དང་། རྒྱ་ནག་གཞུང་གིས་ཚེ་རིང་རྒྱལ་མཚན་ལགས་འཛིན་བཟུང་བྱས་པ་ངོས་ལེན་བྱས་མེད་པའི་སྐོར། ཚེ་རིང་སྐྱིད་ཀྱིས་འབྲེལ་ཡོད་མི་སྣར་གནས་འདྲི་ཞུས་པའི་གནས་ཚུལ་ཕྱོིགས་སྒྲིག་བྱས་པ་ཞིག་གསན་རོགས་གནང་།