ངོ་འཕྲད་བདེ་བའི་དྲ་འབྲེལ།

མི་ཉག་གར་རྒྱས་ཁ་རུ་གཏེར་ཁ་བསྔོག་རྒྱུ་འཕྲལ་སེལ་རིང་མཚམས་འཇོག་བྱ་རྒྱུ།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཟླ་བ་འདིའི་འགོ་སྟོད་དུ་མི་ཉག་ལྷ་སྒང་གི་གར་རྒྱས་ཁ་རུ་ས་གནས་མི་དམངས་ཀྱིས་ཞི་བའི་ངོ་རྒོལ་བྱས་པའི་རྐྱེན་གྱིས། ས་གནས་སུ་གཏེར་ཁ་སྔོག་མཚམས་བཞག་རྒྱུ་ཡིན་པའི་སྐོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་གཞུང་དང་། དར་མདོ་གྲོང་ཁྱེར་གཞུང་གིས་གསལ་བསྒྲགས་བྱས་ཡོད་པ་རེད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། ས་ཁུལ་གཞུང་གིས་འཕྲལ་སེལ་གྱི་ཐག་གཅོད་བྱས་པ་དེ་གལ་གནད་ཆེན་པོར་ངོས་འཛིན་བྱེད་ཀྱི་འདུག་པས། མི་མང་གིས་བསམ་ཚུལ་དང་དགོས་འདུན་བཏོན་ཤུགས་རྐྱེན་ཡོང་གི་ཡོད་པ་རྩིས་ཡོད་པ་རེད། མི་ཉག་ལྷ་སྒང་གི་གར་རྒྱས་ཁ་རུ་ ༢༠༡༣ ལོར་གཏེར་ཁ་བསྔོག་འདོན་ལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ངོ་རྒོལ་བྱུང་ཡོད་པ་དང་། བོད་གནས་ལྟ་ཞིབ་ཀྱིས་སྙན་ཐོར་གཞིགས་ན། ༢༠༡༠ ནས་ ༢༠༡༤ བར་བོད་ས་ཁུལ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་ངོ་རྒོལ་ ༡༠ ལྷག་བྱུང་འདུག

XS
SM
MD
LG