ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

མིང་རྒྱལ་རབས་དང་ད་ལྟའི་རྒྱ་ནག་གི་ཆབ་སྲིད་གཉིས་གཤིབ་སྡུར།


༄༅།། དུས་རབས་ཉི་ཤུ་བའི་ནང་དུ་རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་དང་སྤྱི་ཚོགས་དཔྱད་བརྗོད་པ་ལུའུ་ཤུན་གྱིས་རྒྱ་ནག་གི་མི་སེར་ཚོར་རང་གི་ལོ་རྒྱུས་ངོ་མ་དེ་ཤེས་འདོད་ཡོད་ཚེ། ཁོ་ཚོས་ངེས་པར་དུ་ཕྱི་རྒྱལ་བ་ཚོས་བྲིས་པའི་རྒྱ་ནག་གི་ལོ་རྒྱུས་ལ་བལྟ་དགོས་ཞེས་བརྗོད་མྱོང་ཡོད་ཅིང་། ད་ལྟ་ཨ་རིའི་ཧ་ཝྭར་ཌི་གཙུག་ལག་སློབ་ཆེན་གྱི་ལོ་རྒྱུས་ཉམས་ཞིབ་པ་སུང་ཡུག་མིང་གིས་སྤྱི་ཚོགས་དང་དམངས་ཚོགས་ཀྱི་མཐོང་སྣེ་ནས་རྒྱ་ནག་གི་རྒྱལ་རབས་ལོ་རྒྱུས་དང་སྲིད་དབང་ལ་རྟོག་ཞིབ་གནང་གི་ཡོད་པར་མ་ཟད། དུས་ཡུན་རིང་པོར་རྒྱ་ནག་དམངས་ཚོགས་རྣམས་ཀྱིས་དབང་སྒྱུར་པ་ཚོར་གདོང་ལེན་བྱེད་ཕྱོགས་སུའང་ཉམས་ཞིབ་གནང་འདུག ཁོང་གིས་མིང་རྒྱལ་རབས་སྐབས་ཀྱི་སྲིད་དབང་དང་དེང་སྐབས་རྒྱ་ནག་དམར་ཤོག་གི་སྲིད་དབང་གཉིས་གཤིབ་སྡུར་གྱིས་དེང་སང་རྒྱ་ནག་ལ་འཛིན་པའི་ལྟ་སྟངས་སོགས་ཀྱི་སྐོར། ཚེ་རིང་དབང་མོས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG