ངོ་འཕྲད་བདེ་བའི་དྲ་འབྲེལ།

རྒྱ་ནག་གིས་རྟོག་བཟོའི་སུད་སིའི་ཚན་རིག་པ་ཞིག་ལུང་འདྲེན།


༄༅།། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་སུད་སིའི་ཚན་རིག་པ་ཝིལ་སིན་ཨེ་ཌི་ཝོར་ཌི་སི་ཞེས་པ་ཞིག་གིས་ཨ་རི་གཙོས་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་ལ་འཁོན་འཛིན་བཅངས་ནས་ཆབ་སྲིད་ཀྱི་དགོས་མཁོ་བསྒྲུར་པར་ཏོག་དབྱིབས་ནད་དུག་གི་འབྱུང་ཁུངས་རྒྱ་ནག་རེད་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་ལུགས་ཀྱི་སྐད་ཆ་ཞིག་ལུང་འདྲེན་བྱས་ནས་གསར་འགྱུར་སྤེལ་ཡོད་ཅིང་། སུད་སིའི་གཞུང་གིས་ཚན་རིག་པ་དེ་འདྲ་ཞིག་ཡོད་མེད་རྩད་གཅོད་བྱས་ནས་ཝིལ་སིན་ཨེ་ཌི་ཝོར་ཌི་སི་ཞེས་པའི་སུད་སི་བ་མི་འདུག རྒྱ་ནག་གི་གསར་འགྱུར་ལས་ཁང་ཁག་གིས་ལུང་འདྲེན་བྱས་པའི་སུད་སིའི་ཚན་རིག་པ་དེ་ནི་རྟོག་བཟོ་བྱས་པའི་མི་ཞིག་ཡིན་པ་དང་གསར་ལམ་ཁག་ཏུ་འཁོད་ཟིན་པའི་སུད་སུའི་ཚན་རིག་པའི་སྐད་ཆ་རེད་ཟེར་བའི་གསར་འགྱུར་རྣམས་བསུབ་དགོས་ཞེས་པེ་ཅིང་དུ་བཅའ་སྡོད་སུད་སིའི་གཞུང་ཚབ་ཁག་གིས་ནན་སྐུལ་བྱས་པར་མ་ཟད། ད་ལྟ་རྒྱ་ནག་གི་དྲྭ་ལམ་ཁག་ཏུའང་གནས་ཚུལ་དེ་མཐོང་ཐོས་མེད་པར་གྱུར་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་ཤོག་ཁག་ལ་ཐོན་པའི་གནས་ཚུལ་རྣམས་པདྨ་བདེ་ཆེན་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG