ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱ་གར་གྱི་ཨུ་ཏར་པར་དྷེ་ཤི་མངའ་སྡེའི་འོས་བསྡུ།


༄༅།། རྒྱ་གར་གྱི་མི་འབོར་ཆེས་མང་ཤོས་ཀྱི་མངའ་སྡེ་ཨུ་ཏར་པར་དྷེ་ཤི་ལ་མངའ་སྡེའི་སྲིད་གཞུང་གསར་པ་འོས་བསྡུ་བྱས་ནས་རེས་གཟའ་ཕུར་བུའི་ཉིན་ནས་འོས་ཤོག་འཕེན་རྒྱུ་འགོ་འཛུགས་ཡོད་ཅིང་། ཨུ་ཏར་པར་དྷེ་ཤི་མངའ་སྡེའི་འོས་བསྡུའི་གྲུབ་འབྲས་ཀྱི་ཆབ་སྲིད་ཁ་ཕྱོགས་གང་ལ་འགྱུར་གྱི་ཡོད་པ་སྟོན་ཐུབ། ད་ཐེངས་ཀྱི་འོས་བསྡུ་འདིས་ཐེངས་རྗེས་མར་སྲིད་བློན་མོ་དྷིའི་གཞུང་ལ་སླར་ཡང་འོས་འདེམས་ཀྱི་རྒྱལ་ཁ་འཐོབ་རྒྱུ་ཡིན་མིན་ཚོད་ལྟ་ཞིག་ཏུ་འགྱུར་སྲིད་པའི་སྐོར། ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་ཨན་ཇ་ན་པ་སི་རི་ཆས་སྤེལ་བའི་གནས་ཚུལ་དེ་ནམ་མཁའ་བསྟན་འཛིན་གྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG