ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རི་རྒྱ་གར་གྱི་ཕྱོགས་སུ་ལངས་ནས་རྒྱ་ནག་ལ་ཁ་གཏད།


༄༅།། ༢༠༢༠་ལོར་ཧིན་བོད་ས་མཚམས་སུ་རྒྱ་དཀར་ནག་གི་འཐའ་མཚམས་སྲུང་དམག་ཁག་ཅིག་ལག་འཛིང་ཐུག་སྟེ་རྨས་སྐྱོན་ཕོག་པའི་རྒྱ་དམག་ཅིག་པེ་ཅིང་གི་ཨོ་ལིམ་ཕིཀ་རྩེད་འགྲན་གྱི་དཔལ་འབར་རྒྱུན་སྤྲོད་བྱེད་མཁན་གྲས་སུ་བཀོད་སྒྲིག་བྱས་པར་རྒྱ་གར་གྱི་ཕྱི་འབྲེལ་མི་སྣ་ཁག་པེ་ཅིང་གི་རྩེད་འགྲན་སྒོ་འབྱེད་ཀྱི་མཛད་སྒོར་མཉམ་ཞུགས་མ་བྱས་པར་ངོ་རྒོལ་བྱས་ཤིང་། དེ་བཞིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་འགའ་ཞིག་གིས་རྒྱ་ནག་གི་སྤྱོད་པ་དེར་སྐྱོན་བརྗོད། རྒྱ་ནག་མི་དམངས་བཅིངས་གྲོལ་དམག་ལ་བཀག་སྡོམ་ཞེས་པའི་ཁྲིམས་གཞི་གསར་པ་ཞིག་བཏོན་ནས་རྒྱ་གར་གི་མངའ་ཁོངས་གོང་བུ་གཅིག་གྱུར་དང་བདག་དབང་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱ་རྒྱུའི་གསལ་བསྒྲགས་སྤེལ་འདུག་པའི་སྐོར། ཚེ་རིང་དབང་མོས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

XS
SM
MD
LG