ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

བོད་གནས་མཁས་པ་སྐུ་ཞབས་མཱཡི་ཀལ་པེས་ཨེལ་དགུང་གྲངས་༧༤ཐོག་སྐུ་ཚེ་མ་ཟིན་པ།


བོད་ཀྱི་རིག་གཞུང་དང་བོད་མི་རིགས་ལ་དོ་སྣང་ཆེན་པོས་ཞིབ་འཇུག་བྱས་ཏེ་ དཔེ་དེབ་མང་པོ་འབྲི་རྩོམ་དང་ དངོས་འབྱུང་གློག་བརྙན་མང་པོ་བཟོ་མཁན་ ཕྷ་རན་སེའི་ཡུལ་མི་བོད་གནས་མཁས་པ་སྐུ་ཞབས་མཱཡི་ཀལ་པེས་ཨེལ་ སྤྱི་ཟླ་བཅུ་པའི་ཚེས་༧ཉིན་ པྷེ་རིས་ནང་དགུང་གྲངས་༧༤ཐོག་སྐུ་ཚེ་མ་ཟིན་པའི་གནས་ཚུལ་བྱུང་བའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།

XS
SM
MD
LG