ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༥/༠༣/༡༨

རྡ་ས་ནས་རྣ་ཐོད་ལའི་བར་དུ་བོད་དོན་དྲིལ་བསྒྲགས་གོམ་སྐྱོད།


༄༅།། བོད་དོན་ཞི་བའི་གོམ་བགྲོད་པ་བསྟན་འཛིན་དོན་གྲུབ་ཀྱིས་བཞུགས་སྒར་རྡ་རམ་ས་ལ་ནས་འབྲས་ལྗོངས་ཀྱི་སྣ་ཐོད་ལའི་བར་དུ་བོད་དོན་དྲིལ་བསྒྲགས་ཀྱི་གོམ་བགྲོད་ལས་འགུལ་ཞིག་མགོ་བརྩམས་ཡོད་ཅིང་། ཁ་སང་གཟའ་ལྷག་པའི་ཉིན་བསྟན་འཛིན་དོན་གྲུབ་ཀྱིས་ཅན་རྡི་གྷར་གྲོང་ཁྱེར་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོངས་ནས་བོད་རང་བཙན་ཡིན་པ་དང་བོད་ནི་རྒྱ་ནག་དང་ཐ་དད་ཀྱི་རྒྱལ་ཁབ་ཅིག་ཡིན། རྒྱ་གར་བ་ཚོས་བོད་པ་རྣམས་བོད་པ་ཡིན་པ་ར་འཕྲོད་ཀྱི་མེད་པར་བོད་པའི་ངོ་བོ་དང་བོད་པ་ཚོ་རྒྱ་གར་ལ་བཙན་བྱོལ་དུ་ཡོང་དགོས་དོན་སོགས་གསལ་བཀྲོལ་བྱས་ཡོད་པར་མ་ཟད། ཉེ་ཆར་གོམ་བགྲོད་པ་བསྟན་འཛིན་ཉི་མ་ཡང་ལས་འགུལ་དེར་མཉམ་ཞུགས་ཀྱིས་ལྡི་ལི་བརྒྱུད་ནས་འབྲས་ལྗོངས་ཀྱི་སྣ་ཐོད་ལའི་བར་དུ་བསྐྱོད་འཆར་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG