ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

རྡ་ནས་རྣ་ཐོད་ལ་བར་དུ་བོད་དོན་དྲིལ་བསྒྲིགས་ཀྱི་གོམ་བགྲོད།


༄༅།། སྤྱི་ཟླ་༡༡་པའི་ཚེས་༢་ཉིན་བོད་དོན་ལས་འགུལ་བ་བསྟན་འཛིན་དོན་གྲུབ་ཀྱིས་བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་ཁྲོམ་གཞུང་དུ་བོད་ནང་གི་ཁོར་ཡུག་འབག་བཙོག་དང་གཏོར་བཤིག་གི་ཛ་དྲག་དང་བོད་ཀྱི་རྩ་དོན་དྲིལ་བསྒྲགས། དེ་བཞིན་ཧིན་བོད་གཉིས་ཀྱི་ས་མཚམས་དང་རྒྱ་དཀར་ནག་གི་འཐབ་རྩོད་ལ་བརྟེན་ནས་རྒྱ་གར་གྱིས་རྒྱ་ནག་གི་ཅ་དངོས་ཉོ་ཚོང་མཚམས་འཇོག་བྱ་དགོས་པའི་དགོས་འདུན་དོན་ཚན་གསུམ་བཏོན་ཏེ་བཞུགས་སྒར་རྡ་རམ་ས་ལ་ནས་འབྲས་ལྗོངས་ཀྱི་སྣ་ཐོད་ལ་བར་དུ་རང་དབང་འཐབ་རྩོད་ཀྱི་གོམ་བགྲོད་ལས་འགུལ་ཞེས་པ་ཞིག་མ་བསྐུལ་དང་བླངས་ཐོག་ཏུ་སྤེལ་གྱི་ཡོད་ཅིང་། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་གཙོས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་བོད་པ་ཚོས་བོད་དོན་ལས་འགུལ་བ་དེར་ཁ་བཏགས་འཐེན་ནས་ལས་འགུལ་མགོ་བརྩམས་ཡོད་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG