ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༤/༢༠

རྒྱ་དཀར་ནག་གི་འགོ་ཁྲིད་ཀྱི་ཐུག་འཕྲད་ཐོག་མའི་ནང་ཡར་ཀླུང་གཙང་པོའི་གནད་དོན་གླེང་།


ཉེ་ཆར་རྒྱ་གར་གྱི་སྲིད་བློན་མཆོག་རྒྱ་ནག་གི་འགོ་ཁྲིད་གསར་པར་ཐུག་འཕྲད་བྱས་པ་དེ་ནི། ཁོང་གཉིས་ཀྱི་ཐུག་འཕྲད་དང་པོ་དེ་ཡིན་པར་བརྟེན་ཐེངས་འདིར་རྒྱ་ནག་གི་འགོ་ཁྲིད་ལ་ཡུལ་གཉིས་ཀྱི་གནད་དོན་མང་པོ་ཞིག་གི་སྐོར་གླེང་སློང་བྱས་མེད་ཅེས་བརྗོད་པ་དང་། འོན་ཀྱང་ཁོང་གིས་ཡར་ཀླུང་གཙང་པོའི་གནད་དོན་ཐད་ཡུལ་གཉིས་ཀྱིས་མཉམ་ལས་སྒོས་ཞིབ་འཇུག་བྱེད་དགོས་པའི་དགོས་འདུན་བསྟན་ཡོད་པ་རེད། དེ་ནི་ད་ཆ་རྒྱ་གར་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་མང་དུ་བརྒྱུད་འགོད་བྱེད་བཞིན་པའི་གནས་ཚུལ་ཞིག་ཆགས་ཡོད་པ་རེད། དེའི་སྐོར་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུས་ཡོད།།
XS
SM
MD
LG