ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཧོང་ཀོང་གི་ངོ་རྒོལ་བ་ཞིག་ལ་མེ་མདའ་ཕོག་པ་དང་གཞན་ཞིག་མེར་བསྲེགས།


འདས་པའི་ཟླ་བ་ལྔའི་རིང་དུ་ཧོང་ཀོང་གཞུང་ལ་དམངས་གཙོ་དོན་གཉེར་བ་ཚོས་ཧོང་ཀོང་གི་ས་གནས་གང་སར་ངོ་རྒོལ་ཤུགས་ཆེན་ཞིག་བྱེད་ཡོད་ཅིང་། ཁ་སང་ཕྱི་ཚེས་༡༡་ཉིན་ཧོང་ཀོང་གི་ཉེན་རྟོག་པ་ཞིག་གིས་ངོ་རྒོལ་བྱེད་མཁན་མི་ཞིག་ལ་མེ་མདའ་བརྒྱབ་པའི་གནས་ཚུལ་བྱུང་ཡོད་ཅིང་། དེའི་རྗེས་སུ་ངོ་རྒོལ་བྱེད་མཁན་ཚོར་ཁ་གཏད་དང་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྱི་མི་ཞིག་གིས་ངོ་རྒོལ་བྱེད་མཁན་ཚོར་ཁ་རྩོད་དྲག་པོ་བརྒྱབ་པས་ངོ་རྒོལ་བྱེད་མཁན་ཚོས་མི་དེའི་སྟེང་དུ་ས་སྣུམ་བྱོ་ནས་མེར་སྒྲོན་ཡོད་པའི་སྐོར། རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་ཀུན་བཟང་སྒྲོལ་མས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG