ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

མགོ་ལོག་རྨ་སྟོད་རྫོང་དུ་ས་འགུལ་བརྒྱུགས་པ།


༄༅།། ད་ལྟ་རྒྱ་ནག་གི་དབུས་བརྙན་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ༢༠༢༡་ལོའི་ཕྱི་ཟླ་༥་པའི་ཚེས་༢༢་ཉིན་ཐོ་རེངས་ཆུ་ཚོད་༤་པ་ཡས་མས་སུ་མཚོ་སྔོན་ཞིན་ཆེན་གྱི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། རྨ་སྟོད་རྫོང་དུ་ས་ཡོམ་འགུལ་ཚད་༧་༤་ཅན་ཞིག་བརྒྱུགས་འདུག སྤྱི་ཚོགས་དྲྭ་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ས་ཡོམ་གྱི་གཏོར་བཤིག་ཕོག་པའི་ཁང་པ་དང་གྱང་སོགས་ཞིག་རོའི་འོག་ནས་མི་རྣམས་སྐྱོབ་ཀྱི་ཡོད་པའི་བརྙན་ཐུང་རེ་འཐོན་བཞིན་འདུག ད་སྔ་མི་ལ་འཆི་སྐྱོན་བྱུང་ཡོད་མེད་དང་ས་ཡོམ་ཚབས་ཆེ་ཆུང་། རྨ་སྟོད་རྫོང་མིན་པའི་ས་གནས་ཁག་ལ་ས་ཡོམ་བརྒྱབ་ཡོད་མེད་སོགས་ཀྱི་གནས་ཚུལ་གསལ་པོ་ཞིག་ཤེས་རྟོགས་མ་ཐུབ་ཀྱང་རིམ་བཞིན་ཞིབ་ཕྲའི་གནས་ཚུལ་ཐོན་རེ་བཞིན་དུ་གསར་འགྱུར་འགྲེམ་སྤེལ་ཞུ་རྒྱུ་ཡིན།།

XS
SM
MD
LG