ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་དང་ཉི་ཧོང་ཕན་ཚུན་བྱུང་བའི་གྲོས་མཐུན་དེ་ཞི་འགྲིགས་ཀྱི་མཚོན་རྟགས།


ཐེ་ཝན་དང་ཉི་ཧོང་ དེ་བཞིན་རྒྱ་ནག་བཅས་གསུམ་ཀས་བདག་དབང་ཡོད་ལུགས་ཀྱི་རྩོད་གླེང་བྱེད་པའི་ རྒྱ་ནག་གི་ཤར་ཕྱོགས་རྒྱ་མཚོའི་ནང་ཡོད་གླིང་ཕྲན་ཁག་གི་མཚོ་རྒྱུད་དུ་ ཕྱོགས་གཉིས་ཀས་ཉ་འཛིན་བྱ་རྒྱུའི་གྲོས་མཐུན་ཞིག་ལ་ཐེ་ཝན་དང་ཉི་ཧོང་གིས་མིང་རྟགས་བཀོད་ཡོད་པ་དེ་ནི་ ཁུལ་དེའི་བདག་དབང་གི་ཐད་རྩོད་གླེང་ཡོད་པའི་གནད་དོན་དེ་སེལ་རྒྱུའི་སྔོན་འགྲོ་ལྟ་བུ་ཞིག་ཀྱང་ཡིན་ཞེས་ ཐེ་ཝན་གྱི་སྲིད་འཛིན་མཱ་ཡིང་ཇུ་ཡིས་བརྗོད་ཡོད་པའི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG