ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༢༦

མཚོ་སྔོན་ཕྱོགས་སུ་ནད་དུག་ཁྱབ་སྟེ་སློབ་གྲྭ་དང་ཟ་ཁང་སོགས་སྒོ་བརྒྱབ།


༄༅།། ད་ལོའི་ཕྱི་ཟླ་༡༠་པ་ནས་རྒྱ་ནག་གི་ས་གནས་ཁག་ལ་སླར་ཡང་ཏོག་དབྱིབས་ནད་དུག་ཁྱབ་བཞིན་པའི་གནས་ཚུལ་ཐོན། མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་ཏུའང་ཉིན་རེ་བཞིན་ཏོག་དབྱིབས་ནད་དུག་ཁྱབ་ཀྱི་ཡོད་པའི་གནས་ཚུལ་འཐོན་གྱི་ཡོད་པ་སྟེ། དེང་སྐབས་གནའ་མཁར་ཟི་ལིང་དང་ཡུལ་ཤུལ། མགོ་ལོག་སོགས་མཚོ་སྔོན་ཞིང་ཆེན་གྱི་ས་ཁུལ་ཁག་ཅིག་ལ་ཕྱི་ཟླ་༡༡་ཚེས་༢་ནས་དུས་ཡུན་བདུན་ཕྲག་གཅིག་རིང་དུ་ཟ་ཁང་དང་ཚོང་ཁང་། སློབ་གྲྭ་སོགས་ཡོངས་རྫོགས་སྒོ་བརྒྱབ་ནས་ཕྱི་ནང་གི་འགྲིམ་འགྲུལ་བཀག་སྡོམ་བྱས་ཏེ་སློབ་ཕྲུག་ཚོ་རང་ཁྱིམ་དུ་བཀག་ནས་དྲྭ་ལམ་དུ་སློབ་ཁྲིད་བྱེད་དགོས་པའི་བཀོད་ཁྱབ་བཏང་སོང་ཞེས་འབྲེལ་ཡོད་ས་གནས་ཡུལ་མི་ཞིག་གིས་འདི་གའི་གསར་འགོད་པར་གནས་ཚུལ་མཁོ་སྤྲོད་བྱས་འདུག

གསར་འགྱུར་མཁོ་སྤྲོད་པས་མུ་མཐུད་དུ་བརྗོད་དོན་ལྟར་ན། ད་ལྟའི་ཆར་ཟི་ལིང་གྲོང་ཁྱེར་དུ་ཏོག་དབྱིབས་ནད་དུག་འགོས་པའི་ནད་པ་༡༡་ཡོད་པ་དང་མི་གཉིས་ཛ་དྲག་ཅུང་ཙམ་ཆེ་བ་འདུག་ཟེར་གྱི་འདུག འོན་ཀྱང་ད་སྔ་མི་ལ་འཆི་སྐྱོན་བྱུང་བའི་གནས་ཚུལ་གང་ཡང་ཐོན་མ་སོང་། ནད་དུག་ཁྱབ་གདལ་གྱི་ངར་ཤུགས་མ་ཆག་བར་དུ་འགྲོ་འོང་བཀག་སྡོམ་མུ་མཐུད་དུ་བྱ་ས་རེད། མཚོ་སྔོན་ཞིང་ཆེན་ཁུལ་དུ་ཏོག་དབྱིབས་ནད་དུག་ཁྱབ་པ་ནི་ཐེངས་དང་པོ་མ་རེད། རྒྱ་ནག་གཞུང་གིས་ཟི་ལིང་གྲོང་ཁྱེར་ལ་ཡུལ་སྐོར་སྤྲོ་འཆམ་པ་ཡོང་ནས་ཏོག་དབྱིབས་ནད་དུག་ཁྱབ་པ་རེད་ཅེས་བཀྲལ། ཟི་ལིང་གྲོང་ཁྱེར་དུ་འབྱོར་བའི་ཡུལ་སྐོར་བ་རྣམས་ནི་རྒྱ་ནག་ནང་ཁུལ་གྱི་གྲོང་ཁྱེར་ཁག་ནས་ཡོང་བའི་རྒྱ་ནག་པ་རྣམས་རེད། རྒྱ་ནག་གི་གཞུང་གཉེར་གསར་འགྱུར་བརྒྱུད་ལམ་ཁག་ཏུ་དེའི་སྐོར་གནས་ཚུལ་མང་པོ་སྤེལ་གྱི་ཡོད་པར་མ་ཟད། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་དྲྭ་ལམ་དུ་ཕྱི་ཚེས་༤་ཉིན་མཚོ་སྔོན་ཞིང་ཆེན་ཡོངས་སུ་ཏོག་དབྱིབས་ནད་དུག་འགོས་པའི་མི་གྲངས་༣༠་བྱུང་ཡོད། མི་དེ་དག་གི་གྲས་ཀྱི་མི་༢༦་ཟི་ལིང་གྲོང་ཁྱེར་དང་མི་༣་མཚོ་བྱང་ཁུལ། མི་༡་མཚོ་ཤར་གྲོང་ཁྱེར་དུ་ཡོད། ནད་པ་༡༨་སྨན་ཁང་ནས་ཐོན་ཟིན། ད་ལྟའི་ཆར་ཟི་ལིང་གྲོང་ཁྱེར་དུ་ནད་པ་༡༡་དང་མཚོ་ཤར་ཁུལ་དུ་ནད་༡་བཅས་མི་༡༢་ལ་སྨན་ཁང་དུ་སྨན་བཅོས་བྱེད་བཞིན་ཡོད། ད་བར་མི་གྲངས་འབུམ་བཞི་ལ་ཉེ་བ་ཞིག་ལ་བརྟག་དཔྱད་བྱས་ཟིན། ད་དུང་མུ་མཐུད་དུ་བརྟག་དཔྱད་བྱེད་བཞིན་ཡོད་ཅེས་བཀོད་འདུག་པའི་སྐོར། རྒྱ་གར་ལྷོ་ཕྱོགས་ནས་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགོད་པ་རྒྱལ་མཚན་ཆོས་གྲགས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG