ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༤/༠༤/༢༨

གཟའ་འཁོར་འདིར་བོད་པ་༣༣་ལ་ནད་དུག་འགོས་འདུག


༄༅།། ཕྱི་ཟླ་༡༡་པའི་ཚེས་༤་ཉིན་བོད་མིའི་སྒྲིག་འཛུགས་ཏོག་དབྱིབས་ནད་དུག་ཛ་དྲག་ལས་དོན་ཚོགས་ཆུང་གིས་བདུན་རེའི་གསར་འགོད་གསལ་བཤད་སྐབས་སུ་ཚོགས་ཆུང་གི་མགྲིན་ཚབ་པ་སྨན་པ་ཚེ་རིང་འཚམས་གཅོད་ཀྱིས་འདས་པའི་བདུན་ཕྲག་དེར་རྒྱ་གར་དུ་བོད་པ་༣༣་ལ་གསར་དུ་ཏོག་དབྱིབས་ནད་དུག་འགོས་ཡོད་པ་དང་བོད་ཀྱི་གསོ་བ་རིག་པའི་དགོངས་དོན་ལྟར་མི་མང་ལ་ཟས་སྤྱོད་བསྟེན་ཚུལ་གྱི་ལམ་སྟོན་གནང་འདུག སྨན་པ་བསྟན་འཛིན་རྣམ་གྲོལ་གྱིས་སྔོན་འགོག་ཁབ་བརྒྱབ་པའི་རྐྱེན་གྱིས་རྒྱ་གར་དུ་ཏོག་དབྱིབས་ནད་དུག་འགོ་མཁན་ཇེ་ཉུང་དུ་འགྲོ་བཞིན་ཡོད་ཀྱང་བོད་མི་སུད་ཚོང་བ་ཚོས་དམིགས་བསལ་གྱི་དོ་གཟབ་བྱ་དགོས། ཏོག་དབྱིབས་ནད་རྟགས་འདྲ་མིན་ཞིག་འབྱུང་གི་ཡོད་པར་དོ་སྣང་བྱ་དགོས་ཞེས་ནན་སྐུལ་གནང་འདུག་པའི་སྐོར། བཞུགས་སྒར་རྡ་རམ་ས་ལ་ནས་འདི་གའི་གསར་འགོད་བསྟན་འཛིན་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG