ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཉི་མ། ༢༠༢༥/༠༦/༡༥

བལ་རྒྱ་གཉིས་ཀྱི་གྲོས་མཐུན་༢༠་ཐམ་པ།


༡ བལ་ཡུལ་གཞུང་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གཉིས་ཀ་ས་མཚམས་འཛིན་སྐྱོང་གི་ལམ་ལུགས་ཤིག་ཚུགས་དགོས་པའི་གྲོས་མཐུན།

༢ བལ་ཡུལ་གཞུང་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་གཉིས་ཀས་བདག་སྐྱོང་གི་ནུས་པ་གོང་མཐོར་གཏོང་བར་ཉམས་མྱོང་བརྗེ་རེས་དང་མཉམ་འབྲེལ་བྱ་དགོས་པའི་གྲོས་མཐུན།

༣ བལ་ཡུལ་གཞུང་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་གཉིས་ཀྱིས་ཉེས་དོན་གྱོད་གཞི་སོགས་ལ་ཁྲིམས་ཐོག་ཏུ་ཕན་ཚུན་རོགས་སྐྱོར་བྱེད་པར་ཆིངས་ཡིག་འཇོག་དགོས་པའི་གྲོས་མཐུན།

༤ བལ་ཡུལ་དང་རྒྱ་ནག་གིས་རི་བོ་ཇོ་མོ་གླང་མར་མཉམ་འབྲེལ་གྱིས་སྲུང་སྐྱོབ་བྱ་དགོས་པའི་གྲོས་མཐུན།

༥ བལ་ཡུལ་གྱི་རྒྱལ་ཡོངས་འཆར་འགོད་ལྷན་ཁང་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་ཡར་རྒྱས་དང་ལེགས་བཅོས་ལྷན་ཁང་གཉིས་མ་རྩ་འཛུགས་འཇོག་དང་ཐོན་སྐྱེད་འདོན་འཕེལ་གྱི་ནུས་པ་གོང་འཕེལ་གཏོང་བའི་ལས་གཞི་གཙོ་ཆེ་ཁག་ལ་མཉམ་འབྲེལ་བྱ་དགོས་པའི་གྲོས་མཐུན།

༦ ཁྲེན་ཏུའུ་གྲོང་ཁྱེར་དུ་བལ་ཡུལ་གྱི་སྐུ་ཚབ་དོན་གཅོད་ཁང་གསར་དུ་འཛུགས་རྒྱུའི་ཚིག་ཐོ་གཏོང་རེས་ཀྱི་གྲོས་མཐུན།

༧ བལ་ཡུལ་གྱི་འཛུགས་སྐྲུན་དང་སྐྱེལ་འདྲེན་ལྷན་ཁང་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེལ་འདྲེན་ལྷན་ཁང་གཉིས་ཀྱིས་རྒྱ་ནག་དང་བལ་ཡུལ་གྱི་བར་དུ་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱེད་ཐུབ་མིན་ལ་ཞིབ་འཇུག་དགོས་པའི་གྲོས་མཐུན།

༨ བལ་ཡུལ་གྱི་ཀ་ཐེ་མན་རྡུ་གྲོང་ཁྱེར་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ནན་ཅིང་གྲོང་ཁྱེར་གཉིས་ལ་སྤུན་སྲིང་གྲོང་ཁྱེར་གྱི་འབྲེལ་བ་ཚུགས་དགོས་པའི་གྲོས་མཐུན།

༩ བལ་ཡུལ་གྱི་བྷུ་ཐི་ཝལ་གྲོང་ཁྱེར་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིས་ཨན་གྲོང་ཁྱེར་གཉིས་ལ་སྤུན་སྲིང་གི་འབྲེལ་བ་ཚུགས་དགོས་པའི་གྲོས་མཐུན།

༡༠ བལ་ཡུལ་གྱི་འཕྲོད་བསྟེན་དང་མི་འབོར་ལྷན་ཁང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲོལ་རྒྱུན་གསོ་རིག་འཛིན་སྐྱོང་ཁང་གཉིས་སྲོལ་རྒྱུན་སྨན་གྱི་ལས་རིགས་ཐོག་ཏུ་མཉམ་འབྲེལ་བྱ་དགོས་པའི་གྲོས་མཐུན།

༡༡ བལ་ཡུལ་གྱི་ནང་སྲིད་ལྷན་ཁང་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཛ་དྲག་ཉེན་སྐྱོང་ལྷན་ཁང་གཉིས་གོད་ཆག་ལ་གདོང་ལེན་དང་ཛ་དྲག་གི་ཉེན་སྐྱོབ་ལ་མཉམ་འབྲེལ་དགོས་པའི་གྲོས་མཐུན།

༡༢ རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆེས་མཐོའི་མི་དམངས་ཁྲིམས་སྦྱོར་ཁང་དང་བལ་ཡུལ་སྤྱི་ཁྱབ་ཁྲིམས་འཛིན་པའི་ལས་ཁུངས་གཉིས་མཉམ་འབྲེལ་བྱ་དགོས་པའི་གྲོས་མཐུན།

༡༣ བལ་ཡུལ་གྱི་ཊི་རི་བྷུ་ཝྭན་སློབ་ཆེན་དང་རྒྱ་ནག་གི་དབུས་ཁུང་ཙིའི་སློབ་གླིང་གཉིས་ཊི་རི་བྷུ་ཝྭན་སློབ་ཆེན་དུ་ཁུང་ཙིའི་སློབ་གླིང་འཛུགས་རྒྱུའི་གྲོས་མཐུན།

༡༤ བལ་ཡུལ་གྱི་ཤིང་འབྲས་རིགས་རྒྱ་ནག་ལ་ཕྱིར་ཚོང་བྱེད་དུས་ཐོན་སྐྱེད་ཀྱི་འབྱུང་ཁུངས་སྟོན་པར་བལ་ཡུལ་གྱི་ཞིང་ལས་ལྷན་ཁང་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགག་སྒོའི་འཛིན་སྐྱོང་ཁང་གཉིས་མོས་མཐུན་འབྱུང་དགོས་པའི་གྲོས་མཐུན།

༡༥ བལ་ཡུལ་གྱི་བཟོ་ལས་དང་ཚོང་དོན། ཐོན་སྐྱེད་མཁོ་འགྲེམ་ལྷན་ཁང་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་དོན་ལྷན་ཁང་གཉིས་ཀྱིས་མཉམ་འབྲེལ་ཚོང་དོན་གྱི་ལས་དོན་ཚོགས་ཆུང་འཛུགས་དགོས་པའི་གྲོས་མཐུན།

༡༦ ས་ཡོམ་རྟོག་ཞིབ་ཀྱི་ལས་གཞིའི་ཆེད་དུ་རྒྱ་ནག་གིས་བལ་ཡུལ་ལ་རོགས་སྐྱོབ་སྤྲད་པ་རྣམས་འཕྲོད་འབྱོར་ངེས་གཏན་བྱ་དགོས་པའི་གྲོས་མཐུན།

༡༧ བལ་ཡུལ་གྱི་ནོར་སྲིད་ལྷན་ཁང་དང་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཚོང་དོན་ལྷན་ཁང་གཉིས་ཀྱིས་མ་རྩ་འཛུགས་འཇོག་ལ་མཉམ་འབྲེལ་གྱི་ལས་དོན་ཚོགས་ཆུང་འཛུགས་དགོས་པའི་གྲོས་མཐུན།

༡༨ བལ་ཡུལ་གྱི་ནོར་སྲིད་ལྷན་ཁང་དང་རྒྱ་ནག་གི་རྒྱལ་སྤྱིའི་འཛུགས་སྐྲུན་མཉམ་འབྲེལ་ལས་ཁང་གཉིས་ཕུག་ལམ་འཛུགས་སྐྲུན་ལ་མཉམ་འབྲེལ་བྱ་དགོས་པའི་གྲོས་མཐུན།

༡༩ ས་མཚམས་ཀྱི་བདེ་འཇགས་དང་ལས་ཁུངས་ཀྱི་ཡོ་ཆས་མཁོ་སྒྲུབ་ལ་ཡིག་འབྲེལ་བྱ་དགོས་པའི་གྲོས་མཐུན།

༢༠ རྒྱ་ནག་གི་འཐུང་ཆུ་གཙང་བཟོ་ཁང་གིས་བལ་ཡུལ་གྱི་ཀ་ཐེ་མན་རྡུ་ལུང་གཤོང་གི་འཐུང་ཆུའི་ལས་གཞི་ཡར་རྒྱས་གཏོང་ཐུབ་མིན་ལ་གྲོས་བསྡུར་བྱ་དགོས་པའི་གྲོས་མཐུན།།

XS
SM
MD
LG