ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༢༥

བོད་ཀྱི་དཔེ་མཛོད་ཁང་གི་འཕེལ་རིམ་དང་དེང་རབས་ཀྱི་ལས་འཆར།


Watch Kunleng TV LIVE! (Windows)

བོད་མི་ཚོ་བཙན་བྱོལ་དུ་འབྱོར་མཚམས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་བླ་ན་མེད་པའི་དགོངས་བཞེད་བཞིན་སློབ་གྲ་དང་ཆོས་སྒར་སོགས་རིམ་པར་ཚུགས་ཡོད་པ་བཞིན། ༡༩༧༠ ལོར་བཞུགས་སྒར་དྷ་རམ་སར་བོད་ཀྱི་དཔེ་མཛོད་ཁང་གསར་འཛུགས་གནང་ནས་བོད་ཀྱི་ཆོས་རིག་གཅེས་འཛིན་དང་ཉམས་ཞིབ། སློབ་ཁྲིད་སོགས་ལ་གལ་ཆེའི་བསྟི་གནས་ཞིག་ཏུ་གྱུར་ཡོད་པ་མ་ཟད། བོད་ཀྱི་ཆོས་དང་རིག་གནས་སོགས་ལ་དོན་གཉེར་ཅན་གྱི་ནུབ་ཕྱོགས་པ་གཙོ་བོར་འགྱུར་བའི་ཕྱི་ནང་མི་རིགས་མང་པོ་གསོ་སྐྱོང་གནང་ཡོད་པ་རེད། ད་རིང་ཀུན་གླེང་ལས་རིམ་གྱིས་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་གདན་འདྲེན་ཞུས་ནས་དཔེ་མཛོད་ཁང་གི་འཕེལ་རིམ་དང་། ལྷག་པར་བར་ལམ་ནས་དེང་རབས་ཅན་གྱི་ཆ་རྐྱེན་འོག་གནའ་བོའི་རིག་གཞུང་བདག་གཅེས་ཀྱི་ལས་འཆར་མང་པོ་འགོ་འཛུགས་གནང་བཞིན་པ་བཅས་ཀྱི་སྐོར་ལ་གླེང་མོལ་ཞུ་རྒྱུ་ཡིན།

ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་ རླུང་འཕྲིན་ཐོག་ཏུ་ཉན་ ཐུབ་པ་མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།
XS
SM
MD
LG