ངོ་འཕྲད་བདེ་བའི་དྲ་འབྲེལ།

ཐེ་ཝན་གྱི་ལག་ཁྱེར་ཐོག་ཏུ་རྒྱ་ནག་ཅེས་བྲིས་ཡོད་པ་བསུབ་རྒྱུའི་གྲོས་གཞི།


༄༅།། ཐེ་ཝན་གྱི་ཕྱིར་སྐྱོད་ལག་ཁྱེར་ཐོག་ཏུ་རྒྱ་ཡིག་ལ་ཀྲུང་ཧྭ་མིང་གོ་ཞེས་བྲིས་ཡོད་པ་དང་། དབྱིན་ཡིག་ལ་Republic of China་སྟེ། རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཅེས་བྲིས་ཡོད་ཅིང་། དེར་བརྟེན་རྒྱལ་སྤྱིའི་ཐོག་ཏུ་མི་མང་པོ་ཞིག་ཐེ་ཝན་ལ་གཞུང་འབྲེལ་ཐོག་ཏུ་རྒྱ་ནག་སྤྱི་མཐུན་རྒྱལ་ཁབ་ཟེར་གྱི་ཡོད་པ་དང་། རྒྱ་ནག་སྐམ་ས་ཆེན་མོ་སྟེ། PRC་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་གྱི་ཡོད་པ་གཉིས་འཕྱུག་གི་ཡོད་པས་ཐེ་ཝན་གྱི་ཕྱིར་སྐྱོད་ལག་ཁྱེར་ཐོག་ཏུ་རྒྱ་ནག་ཅེས་འཁོད་པའི་ཡིག་འབྲུ་གཉིས་བསུབས་ཏེ་མིང་ཚིག་གསར་པ་ཞིག་གཏན་འབེབས་བྱ་དགོས་ཞེས་གྲོས་ཚོགས་ཁྲིམས་བཟོ་བ་ཞིག་གིས་གྲོས་གཞི་བཏོན་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་ཁག་ཅིག་བསྟན་འཛིན་ལྷུན་གྲུབ་ལགས་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུས་གནང་གི་རེད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG