ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རི་དང་རྒྱ་ནག་གི་གྲོས་མོལ་སྐབས་འགྲོ་བ་མིའི་ཐོབ་ཐང་གཙོ་གནད་དུ་བཞག་དགོས་པ།


ཨ་མི་རི་ཀ་དང་རྒྱ་ནག་གི་ཐབས་བྱུས་དང་དཔལ་འབྱོར་གྱི་གྲོས་མོལ་ཚོགས་འདུ་ཐེངས་ལྔ་པ་དེའི་ཐོག་ འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གལ་གནད་ཆེན་པོ་ཞིག་ལ་ངོས་འཛིན་བྱས་ཏེ་གླེང་སློང་བྱེད་དགོས་པ་ཡིན་ཞེས་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པས་འབོད་བསྐུལ་གནང་ཡོད་པ་དང་ ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་སྐུ་ཞབས་བྷ་ཡི་ཌན་གྱིས་ཚོགས་འདུ་འགོ་འཛུགས་ཀྱི་གསུང་བཤད་གནང་བའི་ནང་ རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་ཡོད་ལུགས་གསུངས་ཡོད་པ་བཅས་ཀྱི་སྐོར་ གསར་འགྱུར་བརྒྱུད་ལམ་ཁག་གི་ཐོག་ཐོན་པའི་གནས་ཚུལ་རྣམས་ དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གི་རེད།
XS
SM
MD
LG