ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

ཨི་རག་དང་སེ་རི་ཡའི་ནང་གི་ཀིར་ཌི་མི་རིགས་ཀྱིས་བྷ་ཌན་ལ་རེ་ལྟོས།


ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།

ཨི་རག་དང་སི་རི་ཡའི་ས་ཐོག་ཏུ་ཀུར་ཌིའི་ཡུལ་དམག་གིས་ཨ་རིའི་དམག་དཔུང་ལ་མཉམ་འབྲེལ་བྱས་ནས་ཁ་ཆེའི་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོར་འཐབ་རྒོལ་བྱས་ནས་གྲུབ་འབྲས་ཆེན་པོ་ཐོབ། དེའི་རྗེས་སུ་སྲིད་འཛིན་ཊམ་གྱིས་ཀུར་ཌིའི་ཡུལ་དམག་ལ་འབྲེལ་བ་བཅད། ཀུར་ཌིའི་མི་མང་གིས་འདེམས་ཐོན་སྲིད་འཛིན་བྷ་ཌན་ལ་རེ་ལྟོས་གསར་པ་འཆང་ཡོད།

༄༅།། ཨི་རག་དང་སི་རི་ཡའི་ས་ཐོག་ཏུ་ཀུར་ཌིའི་ཡུལ་དམག་གིས་ཨ་རིའི་དམག་དཔུང་ལ་མཉམ་འབྲེལ་བྱས་ནས་ཁ་ཆེའི་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོར་འཐབ་རྒོལ་བྱས་ཡོད་ཅིང་། འཇིགས་སྐུལ་རིང་ལུགས་པ་ཚོར་འཐབ་རྒོལ་བྱས་པའི་རྗེས་སུ་སྲིད་འཛིན་ཊམ་གྱིས་ཀུར་ཌིའི་ཡུལ་དམག་ལ་འབྲེལ་བ་བཅད་མོད། འོན་ཀྱང་ད་ལྟའི་འདེམས་ཐོན་སྲིད་འཛིན་ཇཱོ་བྷ་ཌན་ནི་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་དང་སྲིད་འཛིན་གཞོན་པའི་ཐུགས་འགན་བཞེས་མྱོང་ཡོད་པའི་མི་ཞིག་ཡིན་པས་ཀུར་ཌིའི་མི་མང་གིས་ཨ་རིའི་སྲིད་གཞུང་གསར་པར་རེ་ལྟོས་འཆང་བཞིན་ཡོད་པའི་གནས་ཚུལ་དེ་བསོད་ནམས་དབྱངས་འཛོམས་ཀྱིས་སྙན་སྒྲོན་ཞུ་ཡི་རེད།།
XS
SM
MD
LG