ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་འབྲེལ་ལམ།


ལྷོ་ཀོ་རི་ཡའི་རྒྱ་གྲམ་དམར་པོའི་རོགས་ཚོགས་ཀྱིས་བརྗོད་པ་ལྟར་ན། བྱང་ཀོ་རི་ཡར་ཆུ་ལོག་གི་གནོད་འཚེ་བྱུང་བ་དེར་ཨ་སྒོར་ས་ཡ་བརྒྱད་ལྷག་གིས་སྐྱོབ་གསོ་རོགས་སྐྱོར་བཏང་ཚར་ཡོད་པ་མ་ཟད། ཕིང་དབྱང་གི་དམར་ཤོག་འགོ་ཁྲིད་ཚོས་ཀྱང་ལྷོ་བྱང་ཀོ་རི་ཡ་གཉིས་ཀྱི་བཟའ་མི་ཁ་འཐོར་སོང་ཡོད་པ་ཚོ་ཐུག་འཕྲད་དང་ལྷན་འཛོམས་ཀྱི་གོ་སྐབས་ཤིག་སྤྲོད་རྒྱུ་ཞེས་བརྗོད་ཡོད། བྱང་ཀོ་རི་ཡའི་རྒྱ་གྲམ་དམར་པོའི་རོགས་ཚོགས་ཀྱིས་ཟླ་བ་འདིའི་ཚེས་མགོ་ལ་རང་ཡུལ་དུ་ཆུ་ལོག་རྒྱུགས་ནས་གནོད་སྐྱོན་ཐེབས་པའི་མི་མང་ལ་སྐྱོབ་གསོ་རོགས་སྐྱོར་དགོས་པའི་དགོས་མདུན་བཏོན་ཡོད་པ་དང་། ཁོང་ཚོས་རྒྱལ་ཁབ་གཉིས་ཀྱི་འགལ་ཟླ་ལ་བརྟེན་ནས་ནང་མི་ཁ་བྲལ་སོང་ཡོད་པ་ཚོ་ཐུག་འཕྲད་དང་ལྷན་འཛོམས་བྱེད་དུ་བཅུག་ན་དགེ་ཚན་ཡོད་ཅེས་ལྷོ་ཀོ་རི་ཡར་བསམ་ཚུལ་བརྗོད་ཡོད་པ་རེད། ད་ལྟའི་ཆར་ལྷོ་ཀོ་རི་ཡས་གནད་དོན་འདིར་བསམ་བློ་གཏོང་གིན་ཡིན་ཞེས་བརྗོད་འདུག

XS
SM
MD
LG