ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཨ་རིའི་སྲིད་འཛིན་གཞོན་པ་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་པ།


ཨ་རིའི་སྲིད་འཛིན་གཞོན་པ་འཇོ་བྷ་ཌེན་གྱི་ཉི་ཧོང་དང་རྒྱ་ནག་གི་འཚམས་འདྲི་མཇུག་བསྒྲིལ་ཡོད་ཅིང་། ད་ལྟ་ཁོང་ལྷོ་ཀོ་རི་ཡར་འཚམས་འདྲིར་ཕེབས་ཏེ། སྐུ་ཞབས་བྷ་ཌེན་གྱིས་ཨ་མི་རི་ཀས་འཛམ་གླིང་ཤར་ཕྱོགས་ཀྱི་ཨེ་ཤི་ཡའི་གླིང་དེ་ཧ་ཅང་གནད་འགག་ཆེན་པོ་ཞིག་ལ་རྩི་ཡོད་ཅེས་ལྷོ་ཀོ་རི་ཡའི་འགོ་ཁྲིད་ཚོར་བསྐྱར་ཟློས་བྱས་པ་དང་། རྒྱ་ནག་གིས་རང་མོས་ཀྱི་སྒོ་ནས་ཤར་རྒྱ་ནག་རྒྱ་མཚོའི་བར་སྣང་ཁམས་ལ་མཁའ་དབྱིངས་སྲུང་སྐྱོབ་ཀྱི་མངའ་ཁོངས་ཡིན་ཞེས་ས་ཐིག་གསར་པ་ཞིག་འཐེན་པ་དེར་སྐྱོན་བརྗོད་བྱས་ཏེ། སྲིད་འཛིན་གཞོན་པ་འཇོ་བྷ་ཌན་གྱིས་ལྷོ་ཀོ་རི་ཡའི་ཡོན་སཱེ་སློབ་གྲྭ་ཆེན་མོའི་སློབ་ཕྲུག་ཚོར་གཏམ་བཤད་བྱས་པ་ལྟར་ན། རྒྱ་ནག་གི་འགོ་ཁྲིད་ཚོ་རྩིས་ལོག་ཐེབས་ཀྱི་ཡོད་པ་དང་། ཤར་རྒྱ་ནག་རྒྱ་མཚོའི་བར་སྣང་ཁམས་ལ་མཁའ་དབྱིངས་སྲུང་སྐྱོབ་ཀྱི་ས་ཐིག་ཅིག་འཐེན་པ་དེས་དམག་འཁྲུག་སློང་སྲིད། རྒྱ་ནག་གི་ས་ཐིག་དེར་ཨ་མི་རི་ཀས་ངོས་ལེན་བྱེད་ཐུབ་ཐབས་མེད་ཅེས་ནན་བརྗོད་བྱས་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG