ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀིརྟི་རིན་པོ་ཆེ་མཆོག་གིས་ལྡི་ལིར་བོད་པའི་གསར་འགོད་པ་ཚོར་གླེང་མོལ་་གནང་བ།


བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དབུ་བླ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་ ཟླ་བ་འདིའི་འགོ་སྟོད་ནས་དུས་ཡུན་གཟའ་འཁོར་གསུམ་གྱི་རིང་ཡོ་རོབ་ཁུལ་ལ་ཆེད་ཕེབས་གནང་སྟེ་ གཞུང་འབྲེལ་མི་སྣ་དང་གྲོས་ཚོགས་ཀྱི་འཐུས་མི་ དེ་བཞིན་ གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་མི་སྣ་བཅས་དང་མཇལ་འཕྲད་གནང་སྟེ་ ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་གནས་ཚུལ་ཞིབ་ཅིང་ཕྲ་བ་སྙན་སེང་གནང་ཡོད་ཅིང་ དེ་ལྟར་བོད་དོན་ཞུ་བསྐུལ་གནང་སྒོ་ཁག་ལེགས་པར་གྲུབ་པའི་རྗེས་ཚེས་༢༤བཞིའི་ཉིན་རིན་པོ་ཆེ་མཆོག་ རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པར་ཕྱིར་ཕེབས་གནང་སྟེ་བོད་པའི་གསར་འགོད་པ་ཚོར་གླེང་མོལ་གནང་ཡོད་པའི་སྐོར་ འདི་ག་རླུང་འཕྲིན་ཁང་གི་གསར་འགྱུར་མཁོ་གཏོང་བ་ ཚེ་རིང་དབང་རྒྱལ་ལགས་ཀྱིས་འདིའི་སྐོར་ལྡི་ལི་གསར་པ་ནས་བཏང་བའི་གནས་ཚུལ་ཞིག་གསན་རོགས་གནང་།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG