ངོ་འཕྲད་བདེ་བའི་དྲ་འབྲེལ།

ཀེརྟི་རིན་པོ་ཆེས་རྒྱལ་ཚོགས་ཀྱི་དམིགས་བསལ་ཞིབ་འཇུག་པ་མཇལ་འཕྲད་གནང་བ།


བོད་ནང་རང་ལུས་མེར་སྲེག་གཏོང་མཁན་མང་ཤོས་བྱུང་བའི་ས་ཁུལ་རྔ་པ་ཀིརྟི་དགོན་པའི་དབུ་བླ་བཙན་བྱོལ་བོད་གཞུང་གི་བཀའ་ཟུར་ཀིརྟི་བློ་བཟང་བསྟན་འཛིན་རིན་པོ་ཆེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་ཞིབ་མཇུག་པར་བོད་ནང་གི་ཆོས་དད་རང་དབང་གི་གནས་སྟངས་སྐོར་སྙན་སེང་ཞུས་ཡོད་པ་དང་། དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་མདུན་དུ་ས་གནས་བོད་མི་ཚོས་བོད་ནང་འདས་གྲོང་སོང་བའི་བོད་མིའི་ཆེད་དུ་སྨོན་ལམ་འདོན་བཞིན་ཡོད་པ་དེའི་སྐོར་ལ་ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།
XS
SM
MD
LG