ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༣/༢༨

ཁེ་ན་ཌར་མེ་མདའ་བརྒྱབ་ནས་མི་༡༦་བསད་པ།


༄༅།། གཟའ་ཉི་མའི་ཉིན་ཁེ་ན་ཌའི་གཞུང་འབྲེལ་མི་སྣ་ཚོས་བརྗོད་པ་ལྟར་ན། ཡུལ་དེར་མི་ཞིག་གིས་མེ་མདའ་བརྒྱབ་ནས་མི་༡༦་བསད་པའི་གནས་ཚུལ་བྱུང་ཡོད་པ་རེད། འདི་ནི་ད་ལྟའི་བར་དུ་ཁེ་ན་ཌར་བྱུང་མ་མྱོང་བའི་དོན་རྐྱེན་ངན་པ་ཞིག་ནོ་ཝྭ་སི་ཀོ་ཤཱ་ཞིང་ཆེན་གྱི་ལུང་ཁུག་གྲོང་རྡལ་ཞིག་ཏུ་བྱུང་ཡོད་ཅིང་། ད་སྔ་མི་དེས་རྒྱུ་མཚན་ཅི་ཞིག་ལ་བརྟེན་ནས་མེ་མདའ་བརྒྱབ་སྟེ་མི་བསད་པ་ཡིན་མིན་ཤེས་རྟོགས་བྱུང་མེད་པར་མ་ཟད། མེ་མདའ་རྒྱག་མཁན་དང་ཉེན་རྟོག་པ་ཞིག་ཀྱང་ཤི་སོང་ཞེས་ས་གནས་དེའི་གཞུང་འབྲེལ་མི་སྣ་ཞིག་གིས་འགྲེལ་བརྗོད་བྱས་འདུག་པའི་སྐོར། ཡེ་ཤེས་རྡོ་རྗེ་ལགས་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་གནང་གི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG