ངོ་འཕྲད་བདེ་བའི་དྲ་འབྲེལ།

འདས་པའི་གཟའ་འཁོར་གཅིག་ཡས་མས་ཤིག་གི་རིང་དེར་སི་རི་ཡའི་ནང་འཁྲུག་གིས་མི་སྟོང་ཕྲག་༣་ལྷག་ལ་འཆི་སྐྱོན་བྱུང་ཞིང་། དེ་རིང་གཟའ་ཟླ་བའི་ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེ་རིས་སི་རི་ཡའི་སྲིད་འཛིན་ཨ་སཏ་དང་སི་རི་ཡའི་གཞུང་། ར་ཤི་ཡ་བཅས་ཀྱིས་ཁས་ལེན་བྱས་པའི་ཞི་བའི་གྲོས་མཐུན་གྱི་དོན་ཚན་ཁག་ལག་ལེན་བསྟར་གྱི་མེད་པ་དང་། སི་རི་ཡའི་ཞི་བའི་གྲོས་མོལ་བ་ཚོས་སྲིད་འཛིན་ཨ་སཏ་གྱི་གཞུང་ལ་འཕོ་འགྱུར་བཏང་སྟེ། རྒྱལ་ཁབ་དེར་བར་བརྒལ་གྱི་སྲིད་གཞུང་འཛུགས་རྒྱུར་གྲོས་མོལ་གཏན་ནས་བྱེད་ཀྱིན་མི་འདུག་ཅེས་གསར་འགོད་པ་ཚོར་འགྲེལ་བཤད་བརྒྱབ་ཡོད་པ་རེད།
XS
SM
MD
LG