ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༤/༡༩

ཨ་རི་དང་པ་ཀི་སི་ཐན་གྱི་གྲོས་མོལ།


ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་འཇཱོན་ཁེ་རེས་གཟའ་ལྷག་པའི་ཉིན་པ་ཀི་སི་ཐན་ལ་འཚམས་འདྲིར་ཕེབས་ཏེ། ཁོང་གིས་ཕྱོགས་གཉིས་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་གནད་དོན་ལ་གྲོས་མོལ་སླར་གསོ་བྱས་ཡོད་ཅིང་། ད་ཐེངས་ཀྱི་འཚམས་འདྲི་འདིས་ལོ་ངོ་གཉིས་ཀྱི་གོང་དུ་ཨ་མི་རི་ཀས་པ་ཀི་སི་ཐན་གྱི་ས་ཐོག་ཏུ་འཇབ་རྒོལ་བྱས་ནས་ཨཱལ་ཁེ་རྡ་སྒྲིག་འཛུགས་ཀྱི་འགོ་ཁྲིད་ཨཱོ་སཱ་མཱ་བྷིན་ལ་ཌེན་དམར་གསོད་བྱས་པའི་རྗེས་སུ་ཕྱོགས་གཉིས་ཀྱི་འབྲེལ་བ་སྡུག་ཏུ་སོང་བ་དང་། ཨ་མི་རི་ཀ་དང་པ་ཀི་སི་ཐན་གཉིས་མི་མཐུན་པའི་འགལ་ཟླ་བྱུང་བ་མཇུག་བསྒྲིལ་པ་མ་ཟད། ད་ལྟ་ཕྱོགས་གཉིས་ཀྱི་འབྲེལ་བ་བཟང་ཕྱོགས་སུ་ཁ་ལོ་བསྒྱུར་ཐུབ་ཡོད་པ་མཚོན་གྱི་ཡོད་པའི་སྐོར། ཨ་རིའི་ཕྱི་སྲིད་ལྷན་ཁང་ནས་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པ་འཇེབ་སེལ་ཌིན་གྱིས་བཏང་བའི་གནས་ཚུལ་ཞིག་ཚེ་རིིང་སྐྱིད་ཀྱིས་ཕབ་སྒྱུར་དང་སྙན་སྒྲོན་ཞུ་ཡི་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG