ངོ་འཕྲད་བདེ་བའི་དྲ་འབྲེལ།

སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་༧གོང་ས་མཆོག་ལ་མཚན་སྨད་ཞུས་པ།


༄༅།། དེ་རིང་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས་ཉིན་ཤས་སྔོན་དེར་སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱིས་སྤྱི་ཚོགས་དྲྭ་ལམ་ཁག་ཏུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲྭ་བརྙན་བརྒྱུད་ནས་བཀའ་དབང་གནང་གི་ཡོད་པར་མིག་དཔེ་བལྟས་ནས་བོད་ཀྱི་བླ་ཆེན་གཞན་ཁག་གིས་ཀྱང་སྤྱི་ཚོགས་དྲྭ་ལམ་བརྒྱུད་ནས་བཀའ་དབང་དང་བྱིན་རླབས་སོགས་གནང་རྒྱུའི་ལམ་སྲོལ་ཞིག་དར་ས་རེད། དེ་ལྟར་བྱུང་ན་བསྟན་པ་ཉམས་པ་དང་བཤིག་པའི་རྒྱུ་རྐྱེན་དུ་འགྱུར་རེད་ཅེས་མཚན་སྨད་ཞུས་པར་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་ལ་བློ་ཕམ་ཚད་མེད་བྱུང་བར་མ་ཟད། སྤྲུལ་སྐུ་ཨོ་རྒྱན་སྟོབས་རྒྱལ་གྱི་བྱ་སྤྱོད་དེ་ནོར་འཁྲུལ་ཅན་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད་ཅེས་གཞུང་འབྲེལ་གྱི་དྲྭ་རྒྱ་བརྒྱུད་ནས་གསལ་བསྒྲགས་སྤེལ་འདུག་པའི་སྐོར། བཞུགས་སྒར་ནས་འདི་གའི་གསར་འགོད་པ་བསྟན་འཛིན་བཟང་མོ་ལགས་ཀྱིས་བཏང་བའི་གནས་ཚུལ་དེ་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG