ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་པ་སངས། ༢༠༢༤/༠༣/༢༩

རྒྱལ་བ་ཀརྨ་པས་དྭགས་པོ་ཐར་རྒྱན་གྱི་འགྲེལ་བ་ལྗགས་རྩོམ།


༄༅།། བཀའ་བརྒྱུད་པའི་སྨོན་ལམ་ཆེན་མོ་ཐེངས་༣༧་པ་གནས་མཆོག་རྡོ་རྗེ་གདན་དུ་ཚོགས་ནས་མཇུག་སྒྲིལ་ལེགས་པར་བྱུང་བ་དང་སྟབས་བསྟུན། སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་རྒྱལ་བ་ཀརྨ་པ་སྐུ་ཕྲེང་༡༧་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དམིགས་བསལ་གྱི་གསུང་འཕྲིན་ཞིག་གནང་ཡོད་པར་མ་ཟད། རྒྱལ་བ་ཀརྨ་པ་གང་ཉིད་ཀྱིས་དེང་སྐབས་སྒོམ་སྒྲུབ་ཀྱི་ཞོར་དུ་བཀའ་ཕྱག་ཆུ་བོ་ཟུང་འདྲེས་ཀྱི་གསུང་རབ་སྟེ། དྭགས་པོ་ཐར་རྒྱན་གྱི་འགྲེལ་བ་ལྗགས་རྩོམ་གནང་གི་ཡོད་ཅེས་གསུངས་ཡོད་པ་སོགས་ཀྱི་སྐོར། ཕུན་ཚོགས་ཚེ་རིང་གིས་བཀའ་བརྒྱུད་པའི་མཁན་པོ་སྐལ་བཟང་ཉི་མ་ལགས་སུ་བཅར་འདྲི་ཞུས་ཏེ་གནས་ཚུལ་ཕྱོགས་བསྒྲིགས་གནང་བ་ཞིག་གསན་རོགས་གནང་།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG