ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཕུར་བུ། ༢༠༢༤/༠༤/༡༨

ཀརྨ་པ་དང་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས།


ཀརྨ་པ་དང་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས།
ཀརྨ་པ་དང་བོད་ཀྱི་སྤྲུལ་སྐུའི་ལམ་ལུགས།

ཐེངས་འདིའི་ལས་རིམ་ནང་ཀརྨ་པ་དུས་གསུམ་མཁྱེན་པ་སྐུ་འཁྲུངས་ནས་ལོ་༩༠༠ འཁོར་པའི་དུས་དྲན་དང་། བོད་ལ་སྤྲུལ་སྐུའི་ལམ་ལུགས་དར་ནས་ལོ་རྒྱུས་ལ་འགྱུར་བ་ཇི་ལྟར་ཐེབས་ཡོད་མེད་སོགས་ལ་བགྲོ་གླེང་བྱེད་རྒྱུ་ཡིན། བགྲོ་གླེང་ལས་རིམ་ལ་རྒྱ་གར་རྡོ་རྗེ་གདན་ནས་ཀརྨ་པ་དགུ་བརྒྱའི་དུས་དྲན་ཚོགས་ཆུང་གི་སྤྱི་ཁོག་འཛིན་སྐྱོང་ལས་རོགས་མཁན་པོ་དགའ་དབང་ལགས་དང་ཨ་མི་རི་ཀའི་ཎིའུ་ཡོཀ་གྲོང་ཁྱེར་ནས་བོད་ཀྱི་ལོ་རྒྱུས་ཉམས་ཞིབ་པ་ཧོར་གཙང་འཇིགས་མེད་ལགས་མཉམ་ཞུགས་བྱེད་ཀྱི་ཡོད།


ཀུན་གླེང་ནི་འཁོར་སྐར་བརྒྱུད་ནས་བལྟ་ཐུབ་པ་དང་རླུང་འཕྲིན་ཐོག་ཏུ་ཉན་ཐུབ་པ་ མ་ཟད། ད་དུང་དྲ་རྒྱ་བརྒྱུད་ནས་ཀྱང་དུས་ཐོག་ཏུ་བལྟ་ཉན་བྱེད་ཐུབ་པ་དང༌། བདུན་ཕྲག་རེའི་གཟའ་ལྷག་པ་དང་གཟའ་པ་སངས་ནམ་ཡིན་ལ་འཛམ་གླིང་གཅིག་གྱུར་གྱི་ཆུ་ ཚོད་༡༤་ནས་༡༥་བར་རམ། ཡང་ན་ལྷ་སའི་དགོང་མོའི་ཆུ་ཚོད་༡༠་ནས་༡༡་བར་དུ་ཀུན་གླེང་ལ་བལྟ་ཉན་ཐུབ་ཅིང༌། བོད་དང་རྒྱ་ནག་ནས་ཁ་པར་ཨང་གྲངས་༡༠༨༨༨༨་མནན་ཚེ། ཨེ་ཊི་ཨེན་ཊི་ཞེས་པའི་སྒྲ་ཞིག་ཐོས། དེའི་རྗེས་སུ་ཁ་པར་ཨང་གྲངས་༨༦༦ ༨༣༧ ༥༡༥༩ མནན་ན་སྐུ་ཉིད་ཀྱིས་རིན་པ་སྤྲོད་མི་དགོས་པའི་ཁ་པར་དེ་ང་ཚོར་འཕྲོད། ཨ་རི་དང་རྒྱལ་ཁབ་གཞན་ནས་༡ ༢༠༢ ༦༡༩ ༣༧༧༤ མནན་ནས་ཁ་པར་འབྲེལ་མཐུད་པར་རིན་པ་ཨ་རིའི་རླུང་འཕྲིན་ཁང་ལ་སྤྲོད་དུ་འཇུག་ དགོས་ཞེས་མངགས་བཀོད་བྱེད་ན་ཁ་པར་གྱི་རིན་པ་ང་ཚོས་སྤྲོད་ངེས་ཡིན། ཡང་ན་སྔོན་ནས་སྐུ་ཉིད་ཀྱི་མིང་དང་ཁ་པར་ཨང་གྲངས་ང་ཚོར་བསྐུར་ཚེ། ང་ཚོས་ཀུན་གླེང་གི་བགྲོ་གླེང་སྐབས་སུ་སྐུ་ཉིད་ལ་འབྲེལ་བ་བྱེད་ཆོག་པ་དང༌། གལ་ཏེ་སྐུ་ཉིད་ཀུན་གླེང་ལ་དངོས་སུ་མཉམ་ཞུགས་མི་ཐུབ་ཀྱང་ང་ཚོར་ tibetantv@voanews.com བརྒྱུད་ནས་ཨི་མེལ་གཏོང་བའམ། ཡང་ན་ཧཕེཀ་སི་ཨང་གྲངས་༡ ༢༠༢ ༣༨༢ ༥༥༩༦ བརྒྱུད་ནས་དྲི་བ་བསྐུར་གནང་ཡོད་པ་ཞུ།

XS
SM
MD
LG