ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་མིག་དམར། ༢༠༢༤/༠༤/༢༣

ཨ་རིའི་ཕྱི་སྲིད་དྲུང་ཆེས་པ་ཀི་སི་ཐན་ལ་འཚམས་འདྲི།


ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་འཇཱོན་ཁེ་རི་གཟའ་འཁོར་འདིར་པ་ཀི་སི་ཐན་ལ་འཚམས་འདྲིར་ཕེབས་ཏེ། དེ་རིང་གཟའ་ཕུར་བུའི་ཉིན་པ་ཀི་སི་ཐན་གྱི་སྲིད་བློན་གསར་པ་ཎ་ཝ་ཟི་ཤ་རིབ་ཡིས་ཨ་རིའི་ཕྱི་སྲིད་དྲུང་ཆེར་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་ཅིང་། ཁོང་ཚོའི་གྲོས་གཞི་གཙོ་བོ་ཞིག་པ་ཀི་སི་ཐན་དང་ཨ་མི་རི་ཀའི་དཔལ་འབྱོར་དང་ཚོང་ལས། ཕྱོགས་གཉིས་ཀྱི་བདེ་འཇགས་ཡར་རྒྱས་གཏོང་ཐབས་དང་། ཕྱི་ལོ་༢༠༡༤་ལོར་ཨ་མི་རི་ཀ་དང་ནུབ་ཆིངས་དམག་དོན་སྒྲིག་འཛུགས་ཀྱི་ཞི་བདེ་སྲུང་དམག་རྣམས་ཨབ་གྷ་ཎི་སི་ཐན་ནས་ཕྱིར་འཐེན་བྱས་ཏེ། ཨབ་གྷ་ཎི་སི་ཐན་ལ་ཞི་བདེ་བསྐྲུན་ཐབས་སུ་པ་ཀི་སི་ཐན་གྱི་ནུས་པ་ཅི་ཙམ་ཐོན་ཐུབ་རྒྱུ་ཡིན་མིན་སོགས་ལ་གྲོས་མོལ་བྱེད་ཀྱི་ཡོད་མོད། འོན་ཀྱང་ཨ་མི་རི་ཀའི་གསང་བའི་ལས་ཁང་གིས་ཁ་ལོ་བ་མེད་པའི་སོ་བའི་གནམ་གྲུ་བཏང་སྟེ། པ་ཀི་སི་ཐན་གྱི་མཐའ་མཚམས་ཁག་ཏུ་སྐུང་ཡོད་པའི་འཇིགས་སྐུལ་རིང་ལུགས་པ་དང་ཏ་ལི་བན་ཤོག་ཁག་གི་དྲག་སྤྱོད་པ་ཚོར་གཏོར་རྒོལ་བྱེད་ཀྱི་ཡོད་པས། གཏོར་རྒོལ་དེའི་ཞོར་དུ་པ་ཀི་སི་ཐན་གྱི་ཞི་བའི་མི་སེར་ལའང་སྲོག་སྐྱོན་ཕོག་གི་ཡོད་པ་དང་། ད་ཐེངས་ཀྱི་གྲོས་མོལ་སྐབས་སུ་པ་ཀི་སི་ཐན་གྱི་མི་བའི་མི་སེར་ལ་སྲོག་སྐྱོན་འཕོག་རྒྱུ་ཇི་ལྟར་འགོག་དགོས་མིན་ལ་གྲོས་མོལ་བྱེད་ཀྱི་ཡོད་པ་རེད།།
ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།
XS
SM
MD
LG