ངོ་འཕྲད་བདེ་བའི་དྲ་འབྲེལ།

ཇཱོ་བྷ་ཌན་གྱིས་དམངས་གཙོ་ཚོགས་པ་ཆིག་སྒྲིལ་བྱ་རྒྱུའི་རྣམ་འགྱུར་བསྟན།


༄༅།། ཨ་མི་རི་ཀའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མི་འདེམ་སྒྲུག་གི་སྔོན་འགྲོའི་འོས་བསྡུ་རིམ་པའི་སྐབས་སུ་སྲིད་འཛིན་གཞོན་པ་ཟུར་པ་ཇཱོ་བྷ་ཌན་གྱིས་རང་གི་ཁ་གཏད་པ་གཙོ་བོ་གྲོས་ཚོགས་གོང་མའི་འཐུས་མི་བྷར་ཎི་སན་ཌར་ཕམ་ཉེས་སུ་གཏོང་ཐུབ་ཡོད་ཅིང་། ད་ལྟ་ཁོང་ཚོས་འགྲན་སྡུར་མུ་མཐུད་དུ་བྱ་རྒྱུ་མཚམས་བཞག་སྟེ་དམངས་གཙོ་ཚོགས་པའི་ཚོགས་མི་རྣམས་སྐུ་ཞབས་བྷ་ཌན་གྱི་རྒྱབ་ཏུ་ལངས་ནས་ཕྱི་ཟླ་༡༡་པར་སྲིད་འཛིན་ཌོ་ནལ་ཊམ་ཕམ་ཉེས་སུ་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས་ཞེས་གླེང་སློང་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པའི་སྐོར། གསར་འགྱུར་བརྒྱུད་ལམ་ཁག་ལ་ཐོན་པའི་གནས་ཚུལ་རྣམས་དཔལ་མོ་མཁས་གྲུབ་ཀྱིས་ཕྱོགས་བསྒྲིགས་དང་སྙན་སྒྲོན་ཞུ་ཡི་རེད།།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG