ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་སྤེན་པ། ༢༠༢༤/༠༧/༢༧

ཧོང་ཀོང་གི་མི་སྣ་གྲགས་ཅན་ཅཱེ་མེ་ལཱེ་ལ་ཉེས་མིང་བཙུགས་འདུག


ཧོང་ཀོང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལུགས་གཞིར་བཟུང་ནས་ཧོང་ཀོང་གི་མི་སྣ་གྲགས་ཅན་ཅཱེ་མེ་ལཱེ་ལ་ཕྱིའི་རྒྱལ་ཁབ་ལ་ངན་འབྲེལ་བྱེད་མཁན་རེད་ཅེས། གཟའ་པ་སངས་ཀྱི་ཉིན་ཧོང་ཀོང་གི་ཉེན་རྟོག་པས་ཁོང་ལ་དེ་ལྟ་ཉེས་མིང་བཙུགས་འདུག ཅཱེ་མེ་ལཱེ་ནི་ད་སྔ་ཧོང་ཀོང་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ལ་ཁ་གཡར་ནས་འཛིན་བཟུང་བྱས་པའི་མི་སྣ་སྐད་གྲགས་ཆེ་ཤོས་ཤིག་རེད། གལ་སྲིད་ད་ཐེངས་ཀྱི་ཉེས་མིང་དེ་གཞི་གྲུབ་པ་ཡིན་ན་ཁོང་ལ་ཚེ་བཙོན་གྱི་ཁྲིམས་ཐག་གཅོད་སྲིད་པའི་ཚོད་དཔག་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་ཚེ་རིང་དབང་མོས་ཕབ་སྒྱུར་གྱིས་སྙན་སྒྲོན་ཞུས་ཡོད།

ཐད་ཀར་ཕབ་ལེན་གྱི་དྲ་འབྲེལ།


XS
SM
MD
LG